| | e-texts navigator
|
66b1 དཀྱིལ་མ་ཐམས་ཅད་བྱས་ནོ་པ་ཡང་བསྐུར་བུང་འགྱུར།། གསུང་སྔགས་ཐམས་ཅད་མ་ལུས་མངན་དུ་གྱུར།། ཐམས་ཅད་ཐལ་ནས་བྱ་བའི་ང་འདུན་མཉམ་པར་གནས།། ཡན་ཏན་ཀུན་ཐུབ་ཏང་འདོན་མཉམ་པ་དྲུང
66b2 ཡིད་བཞིན་ནོར་བུ་རིན་ཆེན་འབྲང་བའི་འོད།། གཟིམ་དངས་འོད་ལྡན་ཉི་མ་འབུམ་གྱི་གཟི།། བདག་མེད་མཉམ་སྙོམས་ནམ་མཁའི་དང་།། ཞིབ་ཆེན་པོ་ཆོས་ཀྱི་སྐུ།། རྣམ་དག་ལྡན་གྲུབ་བརྡལ་ཛྫ། ཀུན་ཁྱབ་དང་བཞིན་དང་གིས་གས
66b3 སྡུག་བསྔལ་རྒྱ་མཚོ་དག་པའི་ཚུལ།། མ་བཅོས་བྱང་ཆུབ་དེ་བཞིན་གནས།། ཆོས་སུ་རྣམ་དག་ཞི་བའི་ཚུལ།། བདེ་དང་ལྡན་པས་རྣམ་རྟོག་བྲལ།། དྲི་མ་རྣམ་དྲག་ཆོས་ཀྱི་སྒྲ།། མི་འགྱུར་མི་ཤིགས་རྡོ་རྗེ་ཅན།། མིག་བློ་མི་འབུལ་ནམ
66b4 མཁའ་འདྲ།། ཞི་བ་ཆེན་པོ་དེ་བཞིན་ཉིད།། དེ་ལྟར་འདོན་པས་གཟུང་འཛིན་གཡུལ་ལས་རྒྱལ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པ་བྱང་ཆུབ་ཀྱི་སམས་ལྟང་ཆེན་པོའི་མདོ་ལས། མཚན་མ་དང་སྟོང་པ་མི་དམིགས་པའི
66b5 ལེའུ་སྟེ་སུམ་ཅུ་བདུན་པའོ།། ། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། སེམས་དཔའ་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ། དམ་ཚིག་གི་སྡོམ་པ་ཇི་ལྟ་བུ་ལགས།། སེམས་དཔའ་དམ་པས་བཀའ་སྩལ་པ།
66b6 འདོད་ཚོགས་ཞི་སྡང་གཏི་མུག་དང་།། ང་རྒྱལ་ཕྲག་དོག་སྤང་མི་བྱ།། མ་བྱིན་པར་ཡང་བླང་བར་བྱ།། རྫུན་གྱི་ཚིག་ཀྱང་སྦ་བར་བྱ།། མི་ཚངས་པར་ཡང་སྤྱད་པར་བྱ།། བྲམ་ཟེ་དག་ཀྱང་གསད་པར་བྱ།། ཕྲ་མའི་ཚིག་ཀྱང་སྦ་བར་བྱ།
66b7 བརྣབ་སེམས་གནད་སེམས་བསྐྱེད་པར་བྱ།། ཤ་ཁྲག་རྡོ་རྗེ་དྲི་ཆེན་ཆུ་དང་བྱང་ཆུབ་སེམས།། བ་ལང་ཁྱི་ཤ་ལ་སོགས་རྟག་ཏུ་བཟའ།། ཨཱཾ་དང་ཤྲཱི་དང་ཨཱཿརྣམས་ཀྱིས།། དེ་དག་རྟག་ཏུ་སྦྱངས་ལ་བཟའ།། དེ་ནི་རྡོ་རྗེའི་དམ་ཚིག་མཆོ།། དེས་ནི
iiif viewer powered by OpenSeadragon
66a - 67a