| | e-texts navigator
|
65a1 ཇི་ལྟར་ནོར་བུ་རིན་ཆེན་སྦྱངས་ན་སྣང་བ་ཆེན་པོ་ཉེ་བར་གནས་འགྱུར་ཀྱང་།། སྣང་བ་དེ་ནི་ནང་ངམ་ཕྱི་རོལ་གཉིས་ན་ཡོད་མ་ཡིན།། དེ་ལྟར་ཆོས་ཉིད་སྤང་བའི་བྱ་བ་ཆེན་པོས་ཉེ་བར་གནས་གྱུར་ཀྱང་།། སྣང་བ་དེ་ནི་ནད་དམ་ཕྱི་རོལ་མཐོང་བར་ཉེ་བར་མི་འགྲོའོ།། དཔེར་ན
65a2 འབྲུ་མར་མེས་བུས་ན།། དེ་ཡི་འོད་འཕྲོ་ཡུད་ཙམ་མི་གནས་ཀྱིས།། སྣང་བར་བྱེད་དེ་སྣང་བ་དེས་གཟུགས་རྣམས་ཀྱང་མཐོང་བར་འགྱུར།། དེ་བཞིན་ཡེ་ཤེས་ཆོས་གང་ལ་ཡང་མི་གནས་ཆོས་རྣམས་སྣང་པོའི་བྱ་བ་བྱེད།། སྣང་བ་དེས་ནི་འཕགས་རྣམས་ཆོས་ཀུན་ཡང་དག་ཇི་ལྟ
65a3 བཞིན་དུ་མཐོང་གྱུར་ཏོ།། ཇི་ལྟར་གཟུགས་དང་སྐྱེ་མཆེད་ཁམས་དང་རྟེན་འབྲེལ་གང་ཟག་བཅུ་གཉིས་མ་གྲུབ་པས།། དེ་ལྟར་ཆོས་དབྱིངས་རྣམ་དག་ཟབ་མོ་དེ་ལྟར་མཚུངས།། བདེན་དང་རྫུན་དང་ཕྱི་ནང་ཡོངས་སུ་མ་གྲུབ་པས།། རྣམ་པ་དྲ་མི་རྟོག་ལྷུན་གྲུབ་ཟབ་མོ
65a4 བྱང་ཆུབ་པ་དེ།། ས་ལ་སོགས་དྲུག་ཁམས་སུ་མ་གྲུབ་པས།། ཡང་དག་དང་ཉིད་ཞི་བས་དེ་དདྲའོ།། འཁོར་བའི་ཆོས་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན།། དེ་དག་རྟག་ཏུ་མགུ་བཞི་པ་ཆོས་ཀྱི་ངང་ཡང་རྟག་ཏུ་ཞི་བ་ཆོས་ཀྱི་དངོས།། ཞི་བ་བསིལ་འགྱུར་ཞི་བ
65a5 ཡོངས་སུ་གྲུབ།། དེ་ལྟར་བསྟན་པའི་རང་བཞིན་མི་དམིགས་ལྷུན་རྫོགས་ངོ་བོ་ཉིད་ཀྱི་སྐུ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། རྣམ་པའི་ཆོས་ཡོངས་སུ་རྫོགས་པའི་ལེའུ་སྟེ་སུམ་ཅུ་སོ་ལྔ་པའོ།།
65a6 དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། སེམས་དཔའ་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ།། ཡང་དག་པའི་དོན་ཅི་ལྟ་བུ་ལགས།། སེམས་དཔའ་དམ་པས་བཀའ་སྩལ་པ།། ཅི་ལའང་མི་གནས་མ་ཆགས་ཡང་དག་དམ་པ་བསྒོམ།། གང་ལའང
65a7 ཆོས་རྣམས་ཞི་བའམ་འཕེལ་བའམ་འགྲིབ་པ་ཡོད་ན་གྲོས་པ་མ་ཡིན་ཏེ།། ཡང་དག་སོ་སོ་སྐྱེ་བོའི་ཆོས་རྣམས་མི་སྤང་སངས་རྒྱས་ཆོས་རྣམས་མི་ལེན་པ།། དེ་ནི་ཡང་དག་ཟབ་མོའི་དོན་རྟོགས་བསྒོམ་པ་ཡིན།། འཁོར་བའི་སྒོར་ཡང་མི་འཆིང།། མྱ་ངན་ལས
iiif viewer powered by OpenSeadragon
64b - 65b