e-texts navigator
Collection
Volume
Page
Wylie

64b1 བའི་སྒྱུ་མའི་རང་བཞིན་བསྟན་ཀྱང་ངོ་བོ་ཉིད་ཀྱིས་ག་ལ་ཡོད།། དེ་བཞིན་ཟབ་མོ་བསྟན་ཀྱང་ཟབ་མོའི་རང་བཞིན་དངོས་བྲལ་ཏེ།། མིག་ཡོར་མཐོང་བའི་སྐྱེས་བུས་མིག་ཡོར་བསྟན་ཀྱང་དངོས་པོ་ཡོད་མ་ཡིན།། དེ་བཞིན་ཆོས་སྤུའི་རང་བཞིན
64b2 བསྟན་ཀྱང་དངོས་པོ་མཐོང་བ་མེད།། ཇི་ལྟར་སྨིག་རྒྱུ་མཐོང་བའི་དངོས་པོ་དེ་ལ་ངོ་བོ་ག་ལ་ཡོད།། དེ་བཞིན་རྟོག་བྲལ་ཟབ་མོ་དམིགས་མེད་ཡང་དག་རྟོགས་པར་དཀའ།། ཇི་ལྟར་བྲག་ཆའི་སྤྱོད་ཡུལ་སྒྲ་ཐོས་དེ་ནི་མི་མཛང་བ།། ང་དག་གི་རྨ
64b3 བྱུང་དེ་ཚེ་སྒྲ་དེ་ཐོས།། དེ་ཚེ་ཆོས་ཉིད་ཟབ་མོ་བསྟེན་པའི་ཚིག་ཟོས་ཆོས་གང་བསྟན་པ་ཐོབ་འགྱུར་མངོན་བཤད་དེ་ཚེ་ཀུན་ཤེས་རང་བཞིན་མེད་དེ་ཐོས་པས་ལམ་དུ་གྱུར།། དབུ་བ་རྡོས་པའི་རང་བཞིན་སྟོང་ཡང་དབུ་བའི་རང་བཞིན་གྱི་ནང་མི་དམིགས་བསྙེན
64b4 པའི་རང་བཞིན་དམིགས་པར་ག་ལ་འགྱུར།། དེ་བཞིན་ཆོས་ཉིད་ཟབ་མོ་སྟོན་ཀྱང་རང་བཞིན་མི་དམིགས་ཆོས་གང་མངོན་པར་གྲུབ་པ་འང་ཉེ་བར་མི་འགྲོའོ།། ཆུའི་ཆུ་བུར་སྟོན་ཀྱང་ཆུའི་ཆུ་བུར་རང་བཞིན་མེད་ན་ཆུ་བུར་ངོ་བོ་ག་ལ་ཡོད།། ཆོས་གང
64b5 མངོན་པར་འགྲུབ་པ་འབྱུང་བ་ཉེ་བར་གནས་པ་མ་ཡིན་ནོ།། འོན་ཀྱང་སྐྱེས་བུ་ཆུ་ཤིང་སྙིང་པོ་བཙལ་ཡང་མི་རྙེད་མོད་ཀྱིས་འོན་ཀྱང་དེ་ཡི་འདབ་མ་རྣམས་ཀྱིས་དགོས་པ་བྱེད།། དེ་བཞིན་ཆོས་ཉིད་སྙིང་པོ་མེད་མོད་ཀྱིས།། ཆོས་ཉིད་བསྟན་པའི
64b6 དགོས་པའང་བྱེད།། སྐྱེས་བུ་ནམ་མཁའ་སྟོང་པར་ཐ་སྙད་རབ་འདོགས་ཀྱང་།། ནམ་མཁའ་ལ་ནི་བསྟན་པ་ཅི་ཡང་མེད།། དེ་བཞིན་ཆོས་ཉིད་ལ་ནི་རྦ་སྙད་རབ་བཏགས་ཀྱང་།། བསྟན་པས་ཡོངས་སུ་གྲུབ་ཅིང་ཐ་སྙད་བཏགས་པ་མི་དེ།།
64b7 གྲིབ་མ་ཉིན་ལྡོག་ཐ་སྙད་གཉིས་འདོགས་ཆོས་གང་ཡོངས་སུ་གྲུབ་པའི་ཕྱིར་ཡང་ཉེ་བར་མི་གནས་སྡང་བ་མངོན།། དེ་བཞིན་ཆོས་ཉིད་ཐ་སྙད་འདོགས་པའི་ཚིག་ཏུ་འགྲོ་ཡང་ཆོས་གང་བསྟན་པ་ཐ་སྙད་ཚིག་ཏུ་མི་འགྲོ་ཆོས་རྣམས་སྣང་བར་བྱེད།།




iiif viewer powered by OpenSeadragon

64a - 65a

Texts on this page

Gdg008.2 - byang chub sems 'di gsan yig na sems lung chen po dpe ma rnyed gsungs pa de yin nam 'dra lung rnal 'byor chen po'i rgyud theg pa chen po'i mdo