e-texts navigator
Collection
Volume
Page
Wylie

61b1 དེ་ལྕེ་འཕྲུལ་མི་གནས་ཤིང་།། གཞན་སས་ཡང་དག་པོ་གྲོན་ཆོས་སནཞི་པའི་དང་།། མི་འཟློག་མཉམ་ཤེས་བཞི་པ་ཕྱོགས་དང་འ་རོལ་བྱིན་རྣམས་དེར་ཤེས་ཏེ།། ཆོས་རྣམས་དེ་བཞིན་ཉིད་དང་སྟོང་པ་རང་ཉིང་ང་པ་ཉིད་ཀྱི་རྩ།། སོམས་ཅིརང
61b2 བཞིན་སྐྱེ་མེད་ནམ་མཁའི་དབྱིངས་དང་མཉམ།། སེམས་ཀྱི་དབྱིངས་སུ་བསྒོམས་པས་ལམ་གྱིས་གཞན་དུ་བསྒོམས་པས་འོད་གསལ་མི་འགྱུར་རོ།། སེམས་ལ་སེམས་བསྒོམ་རྣལ་མརྩེ་གཅིག་སེམས་ཀྱི་དངོས་པོ་འདུས་མ་བྱས།
61b3 བརྡའ་ཅན་ཡང་དག་ལེན་པའང་བྱང་ཆུབ་ཡིན་ཞེས་སྟོན་པས་རབ་གསུངས་ཕྱིར།། དེ་ལ་འདི་ནི་བྱང་ཆུབ་སེམས་ཉིད་བསྐྱེད་ཅིང་བསྒོམ་པའི་གནས་ཡིན་ཏེ།། ཏིང་འཛིན་མེད་ལ་རྣམ་རྟོག་ཏིང་འཛིན་མང་པོ་རྣམས།། ཏིང་འཛིན་དེ་དག་ཏིང་འཛིན་གསུམ
61b4 པོ་བརྟན་པར་བྱས་ཤིང་རྟགས་ཀྱི་ཕྱག་རྒྱ་གསུམ་བཅིངས་ནས།། ཏིང་འཛིན་ཕྱག་རྒྱ་བྱེ་བ་མང་པོ་དེ་དག་བདེ་བ་དག། དེ་དག་མ་ལུས་ལྷ་ཉིད་ཆོས་སྒྲ་ཡོངས་སུ་རྫོགས།། ཆོས་སྒྲ་ཕྱག་རྒྱ་ཆེན་པོར་སེམས་ཉིད་བསྐྱེད་དེ་སྙིང་པོ་བརྗོད་ཅིང་བསྒོམ།། སེམས
61b5 ནི་ཀུན་ཉོན་མོངས་དང་མྱ་ངན་འདས་པའི་ཆོས་དག་རྡོ་རྗེ་འདུས་མ་བྱས།། དེ་ལྟར་རྡོ་རྗེ་སེམས་དཔའ་བསྒྲིམས་པས་ལམ་ཀུན་མ་ནོར་བསྡོམ་པ་ཡིས།། དེ་སྦྱར་བསོད་ནམས་སྣ་ཚོགས་རྒྱ་ཚོར་སྤྱོད་པ་རྣམས།། སྲིན་དང་ཚུལ་ཁྲིམས་བསོད་ནམས་ཅི་བསགས་ཀྱང་།།
61b6 ཡང་དག་ཆོས་ཉིད་ཟབ་མོའི་ལྟ་བས་མ་ཟིན་ན།། དེ་ལྟར་སྤྱད་པ་དེ་དག་མུ་སྟེགས་ལྟ་བ་ཡིན་པའི་ཕྱིར།། ཀར་དུ་བཟང་མོའི་སྤྱོད་པར་མ་ཟིན་དགེ་བའི་ཆོས་ནི་གང་ཡང་ཆུང་།། ཀུན་ཏུ་བཟང་པོ་སྤྱོད་པའང་བདུད་ཀྱི་ལས་ཏེ་ཟད་ཅིང་མཐར་ཐུག་འགྱུར།། ཤེས
61b7 དང་མི་ཤེས་སྤྱོད་ཡུལ་ཐམས་ཅད་མཉམ།། དེ་དང་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་འགྱུར།། སྣང་དང་མི་སྣང་མང་ཞིང་རྒྱ་ཆེ་བ།། རྡོ་རྗེའི་རིགས་ཚགས་ཕྱག་རྒྱ་ཐམས་ཅད་སྔགས་དོན་བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཀུན་ཏུ་བཟང་པོ




iiif viewer powered by OpenSeadragon

61a - 62a

Texts on this page

Gdg008.2 - byang chub sems 'di gsan yig na sems lung chen po dpe ma rnyed gsungs pa de yin nam 'dra lung rnal 'byor chen po'i rgyud theg pa chen po'i mdo