| | e-texts navigator
|
61a1 ན་ན་ད་། སྨོ་པ་། སྤྱན་ས་ང་བྱེད་མས་པས་རྗོད་པ་ཡོ་།
61a2 སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་ལ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན།། བསྒོམ་དང་མི་བསྒོམ་རྣམ་རྟོག་ཞི་བའི་ངང་།། དངོས་རྣམས་བྲལ་གང་ལའང་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་བསྒོམ་མེ།། ཕྱི་རོལ་ཡུལ་དདུ་ནང་ལ་བདག་དང་གཞན
61a3 དུ་རྟོག་པ་སྐྱེས་ན་ཡང་དག་དོན་ལས་ཉམས།། དེ་ལྟར་རྣམ་དག་ཟབ་མོ་སྟོང་ཉིད་ཞི་བ་དམ་པ་དེ་ལ་ཐམས་ཅད་མ་ལུས་ཡང་དག་གནས།། འདུ་བྱེད་མ་སྐྱེས་ཤིན་ཏུ་ཆོས་ཀུན་ཆོས་རྣམས་མ་ལུས་མྱ་ངན་འདས།། དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི
61a4 དབྱིངས་ཞེས་རྣམ་གྲོལ་ཡིན།། ངོ་བོས་མངོན་རྫོགས་རྒྱུ་རྐྱེན་རྣམས་ནི་བྱིས་པས་ག་ལ་ཤེས།། ནམ་མཁའ་མིང་ཙམ་དགེ་དང་མི་དགིར་བྱར་མེད་སྐྱེ་བའང་མེད།། ཆོས་ཉིད་རྡོ་རྗེའི་དོན་དང་མི་དམིགས་སྟོང་པ་དེ་ཉིད་རྣམ་གྲོལ་ཞི་བ་ཆོས་ཀྱི་སྐུ།།
61a5 བྱེད་ན་ཡང་ངས་གང་བ་སམས། དེ་ས་སུས་ན་རྣམ་ས་། ལ་བར་མྱེད་མི་མི་ན་དཔ་མ་འི་བདག་པ་ས་ཀྱིས་སུ་འ་བ་བ་ན་པ་ནས་ས།
61a6 དྲན་དང་དབྱེར་མེད་སྤང་ལེནཱ་ག་ལའང་དགའ་དང་མཚུངས་མེད་མི་དམིགས་མཉམ་པའི་ངང་།། བླང་དོར་མེད་པས་བརྗོད་བྲལ་ག་ཡུང་དྲུང་དབྱིངས།། མཉམ་གནས་གཉིས་སུ་བརྟག་མེད་བརྗོད་བྲལ་བྱ་དང་མི་བྱ་མེད་དེ་གསོག་བྲི་མེད།། སྟོང་པའི་རང
61a7 བཞིན་ཆོས་ཉིད་ལ།། བྲི་བའམ་འཕེལ་བག་ལ་ཡོད།། ཆེད་དུ་རྩོལ་བྲལ་ཡིད་ལ་མི་བྱེད་ཅིས་ཀྱང་མི་འཁྲུགས་ཆོས་སྐུར་མཉམ་ཤེས་དང་།། ཆོས་ཉིད་རྣམ་པར་རྟོག་པ་ཀུན་ལས་འདས།། གང་ལའང་ཆགས་དང་ཡུལ་གྱིས་མྱོས་སྐྲག་མེད
iiif viewer powered by OpenSeadragon
60b - 61b