| | e-texts navigator
|
60b1 མེང་པས་ནམ་མཁའི་ངང་ཚུལ་འདྲ།། འདོད་ཡོན་ལྔ་ཉིད་རྟག་པར་སྤད་འགྱུར་ཡང་།། རང་བཞིན་སྤྲོས་བྲལ་ངང་གིས་ཞི་བ་གང་ལ་ཡང་།། འཇིག་རྟེན་པདྨ་དབང་ཕྱུག་ཀུན་ཀྱང་མི་སྤངས་འདྲ་མཉམ་གནས།། ཇི་ལྟར་མི་ཤེས་འཁྲུལ་པ་ཡིས།། ཅ་ཡང་མེད
60b2 པའི་ནམ་མཁའ་ལ།། གཟུགས་དང་སྒྲ་དང་རོ་ལ་སོགས།། དེ་ལྟར་མཐོང་བའིཁྲུལ་བ་ཡིན།། ཆོས་ལ་འཁྲུལ་པར་མཐོང་བ་དེ་ཉིད་འཁྲུལ་པར་ཡིན་པར་རབ་རྟོགས་ཏེ།། དྲུག་ག་བརྟེན་པ་བདུད་ཀྱི་ལས་ཀྱང་མི་འདོར་དོན་དུ་མི་རྟོག་གོ།། རང་གི་ཤེས་པ་དམ་པར
60b3 བྱས་ཤིང་ཀུན་ལ་ཚུལ་དེ་དེ་བསྙེམས་ནས།། འདོད་ཆགས་ཞེ་སྡང་བསྐྱེད་རྩོལ་འབྱུང་སྟེ་གཏི་མུག་ཡིན་དེ་དོན་མི་མཐོང་།། བསམ་གཏན་གནས་ལུས་ཕྱག་རྒྱའི་མཚན་མ་འཛིན་པ་ཀུན།། མ་སྐྱེས་དེ་དག་མ་སྐྱེས་ཞི་བ་ཆོས་ཉིད་རྣལ་འབྱོར་ཡང་དག་དམ་པའི
60b4 གནས།། གཡོ་དང་མི་གཡོ་ཐ་སྐད་མི་གནས་གནས་ལའང་གནས་པ་མེད།། སྣང་མེད་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཞེས་བ་དེར་གཤེགས་གསུངས།། བྱ་མེད་མི་གནས་མ་སྐྱེས་ཞི་བ་དང་གི་རྫོགས་པ་བྱང་ཆུབ་སེམས་ཞེས་རྒྱལ་བ་ཀུན་གྱིས་རབ་ཏུ་བསྔགས།། བྱང་ཆུབ་ཀུན་རྫོགས
60b5 ཆོས་ཉིད་མཉམ་པར་ལྷུན་གྲུབ་ཡང་དག་དོན་བསྒོམ་ཏིང་འཛིན་མཆོག། དེ་བཞིན་མོས་ཉིད་མི་འགྱུར་སྟོང་པ་དམ་པ་དངོས་བྲལ་བས།། གཟུགས་དང་མཚན་མ་སྨོན་པར་འཛིན་པ་རབ་ཏུ་སྤངས་ནས་སུ།། རྣམ་ཐར་གསུམ་པོ་བསྒོམ་པ་བདུད་ཀྱི་ལམ་ཡིན་གཟུགས་ལ་སོགས་པ་སྟོང
60b6 པའོ།། དོན་དམ་ཡང་དག་དམིགས་བྲལ་སེམས་ཉིད་རྒྱལ་བ་ཀུན་གྱི་ཡབ་གྱུར་ཐམས་ཅད་འབྱུང་བའི་རྒྱ།། བླང་མེད་སྤང་མེད་སྲང་ལེན་བདུད་ཀྱི་ལམ་སྟེ་དོན་དམ་ཞི་བ་བདེན་དང་བྲལ།། འཁོར་བའི་ལམ་གསུམ་སྤངས་ཤིང་མྱ་ངན་འདས་ལམ་བསྒོམ་པ
60b7 ཡང་བདུད་ཀྱི་ལས་ཉིད་དེ།། དེ་ཉིད་རང་བཞིན་བཙལ་སྤོངས་གར་མི་གནས།། དུག་གསུམ་ངོ་བོ་རྣམ་པར་དག་པའི་ལྷུན་གྲུབ་སྒྲ་གསུང་ཐུགས།། འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོ་ཀྲ་ལམ་ཉིད་གཞན་ན་མེད།། ལྗང་དང་མི་ལང་ཆེད་དུ་མི་སྦས་སེམས
iiif viewer powered by OpenSeadragon
60a - 61a