| | e-texts navigator
|
5b1 གནས་པར་གྱུར་ཏེ།། དན་མདྲན་པ་མེད་ལུས་ཚེ་འཕྲུལ་རྩོས། འདི་སང་ཅེས་གྲགས་སོ།། ཨོཾ་མངརན་ཆེན་ཀུན་ཐུགས།། ན་གང་རིན་མནུ་རབ་འབར་བ།། མོ་འགྱུར་ནམ་མཁའ། ཁ་དྲུག་འདྲ།། དོན་ཆེན་ཐུགས་ནི་དུ་བརྟན།། ན
5b2 གྲགས་སོ།། དེ་ནས་ཐུགས་ཀྱི་མཚན་མ་དེ་ཉིད་སློབ་དང་བསྒྲུ་བ་ལས་རིན་ཆེན་སེམས་དཔའི་སྐུ་གསུང་ཐུགས་ཀྱི་སྦྱོར་བའི་ཐབས་སུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འཛིན་ཏེ། འདི་སྐད་ཅེས་གླེང་ངོ་།། ཨེ་མ་འོད་ནི་རང་བྱུང་སྟེ། ཡིད
5b3 བཞིན་ནོར་བུའི་མཚན་མ་ཡེ་ནཱ།། ཟད་མི་ཤེས་པའི་གཏེར་དུ་འགྱུར།། ཡོན་ཏན་ཕྱག་རྒྱ་བརྟན་པ་ཡིན།། ཞེས་གསུངས་ཏེ། ཨ་ཞེས་བརྗོད་ཅིང་གཡས་ཕྱོགས་སུ་བཞུགས་སོ།། དེ་ནས་ཡང་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས། གསལ
5b4 བ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་གསུང་གི་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ཨཱཾ་ཨཱ་རོ་ལྀ་ཀ། འདི་ཕྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་འདོད་ཆགས་ཀྱི་བུ་རྗེས་སུ
5b5 དྲན་ཏེ་གསུང་གྲྀ་ཡི་གེ་ལས་ཆོ་འཕྲུལ་གྱི་སྒྲ་འདི་སྐད་ཅེས་གྲགས་སོ།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། གསུང་གི་གསུང་ནི་ཀུན་ཏུ་གྲགས།། ནེམ་དག་གསུང་ནི་བསམ་མཐའ་ཡས།། དྲི་མ་མེད་པས་རྣམ་པར་དང་།། ཅེས་གྲགས་སོ།།
5b6 དེ་ནས་སྙིང་པོ་ཡི་གེ་དེ་ཉིད་འཕྲོས་འདུས་པ་ལས། ཐུགས་ཀྱི་མཚན་མ་པདྨ་འདབ་མ་བརྒྱད་པ་ལྟ་བུར་གནས་པར་གྱུར་ཏོ།། དེའི་ཚེ་པདྨ་དེ་ལས་ཆོ་འཕྲུལ་གྱི་སྒྲ་འདི་སྐད་ཅེས་གྲགས་སོ།། ཨེ་མའོ་གསུང་མཆོག་ཀུན་གྱི་བདག། ཆགས་མེད་སྐྱོན
5b7 བྱས་གོས་པ་མེད།། དྲི་མེད་པདྨ་དྷྲྀ་གའི་མདོག། ཆོས་ཀྱི་ཐུགས་ནི་བརྟན་པའོ།། ཞེས་གྲགས་སོ།། དེ་ནས་ཐུགས་ཀྱི་མཚན་མ་དེ་ཉིད་འགྲོ་བ་དང་འདུ་བ་ལས། ཁྱོད་ཀྱི་སེམས་དཔའི་སྐུ་གསུང་ཐུགས་སུ་སྦྱོར་བའི་ཐབས་སུརྣམ་པ་མཐོར་ཐམས
iiif viewer powered by OpenSeadragon
5a - 6a