| | e-texts navigator
|
4b1 འིདབུས་སུ་བཞུགས་པར་གྱུར་ཏོ།། དེ་ནས་ཡང་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཐམས་ཅད་མ་ལུས་པའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་གསང་བ་རྙེད
4b2 ཧཱུཾ་བཛྲ་དྷྲྀ་ཀ། དེ་ཕྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད། ཞེ་སྡང་གི་སྐུ་རྗེས་སུ་དྲན་ཏེ། སྔགས་ཀྱི་ཡི་གེ་འཕྲོས་འདུས་པས། ཡིག་འབྲུ་ལས་ཆོ་འཕྲུལ་གྱིས་སྒྲ་འདི་སྐད་ཅེས་གྲགས་སོ།། ཨེ་མའོ་སངས་རྒྱས་ཀུན་གྱི་གསུང་།
4b3 བེའི་རྡོ་རྗེ་དེ་ཉིད་ནི།། ཞེ་སྡང་རྒྱུད་ཀྱི་སངས་རྒྱས་རྣམས།། བསྐྱོད་མེད་ཡི་གེར་གནས་པའོ།། ཞེས་གྲགས་སོ།། དེ་ནས་སྙིང་པོ་ཡི་གེ་དེ་ཉིད་ཐུགས་ཀྱི་མཚན་མ་རྡོ་རྗེ་རྩེ་མོ་ལྔ་པ་ལྟ་བུར་གནས་པར་གྱུར་ཏོ།། རྡོ་རྗེ་དེ་ལུས་ཆོ་འཕྲུལ་གྱི་སྒྲ་འདི་སྐད
4b4 གྲགས་སོ།། ཨེ་མའོ་སངས་ཀྱིས་ཀུན་གྱི་ཐུགས།། འདུས་མ་བྱས་པའི་ངོ་བོ་ཉིད།། ཡེ་ཤེས་ལྔ་རུ་སྣང་བས་ན།། ཐུགས་ཀྱི་ཐུགས་ནི་བརྟན་པའོ།། ཞེས་གྲགས་སོ།། དེ་ནས་ཐུགས་དེ་ཉིད་སྤྲོ་བ་དང་བསྡུས་པའི་ངོ་བོར་མངོན་པར་འདུ་མཛད
4b5 ལས་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་བཟོན་ཏེ། སྟོན་པའི་ཞལ་དུ་བལྟས་ནས་འདི་སྐད་ཅེས་གླེངས་སོ།། ཨེ་མ་འོད་ནི་རང་བྱུང་སྟེ།། བདེ་བ་ཐུགས་ཀྱི་མཚན་མ་ཡིན།།
4b6 ཅིས་ཀྱང་མི་ཤིགས་པས།། བསྐྱོད་མེད་ཕྱག་རྒྱ་བསྟན་པ་ཡིན།། ཞེས་གླེང་སྟེ། ཨ། ཞེས་བརྗོད་ཅིང་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོའི་སྐུ་གསུང་ཐུགས་ཉིད་ལ་བཞུགས་སོ།། དེ་ནས་ཡང་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས། ཐམ
4b7 ཅད་གནས་པར་འབྱུང་བ་རྡོ་རྗེའི་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་སྐུ་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ཨཱ~ཾ་ཛི་ན་ཛིཀ། འདི་ཕྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད
iiif viewer powered by OpenSeadragon
4a - 5a