e-texts navigator
Collection
Volume
Page
Wylie

3b1 མོ་དགུ་པ་ཅན་ལྟ་བུར་སངས་རྒྱས་རྣམས་ཀྱིས་གཟིགས་པར་གྱུར་ཏོ།། དེ་ནཱས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། བྷྱོ་ཞེས་བརྗོད་པས་འཁོར་གྱི་དཀྱིལ་འཁར་དེ་དག་ཐམས་ཅད་ཉིད་ཀྱི་རྡུལ་བསྡུ་བར་མཛད་དོ།
3b2 བསྡུ་བར་མཛད་ནས་ཡང་ཉིད་ཀྱི་སྐུ་རྣམ་པ་སྣ་ཚོགས་ཀྱི་གླུ་དང་གར་དང་བཏེག་པ་དང་བསྟིམ་པ་དང་སྦྱོར་བ་དང་། འཁྱུད་པའི་ཚུལ་རྣམ་པར་རོལ་པས། ཡུམ་ཀུན་ཏུ་བཟང་མོ་ལ་སྤྲིན་རིང་བསྒྱུར་ཅིང་། སྤྱན་ཟིམ་དག་གི་ཚུལ་གྱིས་གཟིགས
3b3 ཡང་ཆགས་པ་ཆེན་པོའི་ཏིང་ངེ་འཛིན་པ་སྙོམས་པར་ཞུགས་ཏེ་ཅང་མི་གསུང་བར་གྱུར་ཏོ།། དེ་ནས་ཡང་ཡུམ་ཀུན་ཏུ་བཟང་མོསྲ་ཞལ་འཛུམ་བག་དང་བཅས་ནས་ཆགས་པའི་གླུ་འདིས་འཕྲུལ་ཏེ། ཨེ་མའོ།། རོལ་པའི་ཆོ་འཕྲུལ་འབར་བའི་ལུས
3b4 ཁྱབ་པའི་བྱིན་དྲའས་རྡོ་རྗེ་གར་མཛད་ཅིང་།། གསང་བ་བྲུག་ཡངས་པའི་མཁའ་དཀྱིལ་དྷ།། རེ་སྐྱོང་བདུད་རྩིའི་ཆུར་ཆེན་དབབ་ཏུ་གསོལ།། ཨཱ་ལ་ལཱ་ཧོ།། ཞེས་རྣམ་པར་བསྐུལ་བས། བཅོམ་ལྡན་འདས་གསང་བ་མཆོགས
3b5 དདྲག་པོ་དང་། གཉིས་སུ་མེད་པར་རོལ་པའི་ཚུལ་གྱིས་གར་མཛད་ཅིང་། རྡོ་རྗེའི་གླུ་འདི་བླངས་སོ།། ཨ་ཧོ།། བདེ་མཆོག་འདུ་འབྲལ་མེད་པའི་དབྱིངས་ཉིད་ནི།། འཛུམ་ཞིང་འཁྱིལ་པ་པདྨའི་བྷ་ག་ཆུ།། དགའ་མཆོག་རྡོ་རྗེ་གས་པ
3b6 ངདི་བྱང་ཆུབ་སེམས།། དྲི་མེད་རིན་ཆེན་ཆར་འབ་རྒྱན་མི་འཆད།། ཙཱ་ཞེས་གསུངས་སོ།། དེ་ནས་ཆགས་པ་ཡུམ་གྱི་བྱང་ཆུབ་སེམས་ཀྱིས་ཐབས་མཆོག་ཡང་ཀྱི་བྱང་ཆུབ་སེམས་ལ་བསྐུལ་བའི་ཆོ་འབྲེལ་གྱི་གྱི་འདི་སྐད་ཅེས་བསྒྲགས་སོ།།
3b7 ཆགས་པ་ཆེན་པོ་དབང་གི་བྱང་ཆུབ་སེམས།། དུས་གསུམ་བདེར་གཤེགས་རྣམས་ཀྱི་རྩེ་གཞི་མཆོག། དྲི་མེད་སྐྱོན་བྲལ་པདྨའི་འོད་ཟེར་ལས།། མུ་ཏིག་དྲོ་མེད་བསིལ་བའི་འོད་ཟེར་སྤོས་ཏོ།། ཡང་ཐབས་མཆོག་ཡབ་ཀྱི་བྱང་ཆུབ




iiif viewer powered by OpenSeadragon

3a - 4a

Texts on this page

Gdg008.1 - de bzhin gshegs pa thams cad kyi sku dang / gsung dang / thugs kyi gsang ba dur khrod khu byug rol pa'i rgyud ces bya ba theg pa chen po'i mdo