| | e-texts navigator
|
39b1 འཕྲུལ་སྟོན།། ཨོཾ་མ་ཧོ་སྡུག་བསྔལ་མི་བཟུང་འཁོར་བ་འདི།། ཐོབ་པའི་བདེབ་མ་ཐོའ་འགྲོ་བའི་རྒྱུད།། མཛེ་རེས་བདེ་བ་མ་ཐོབ་ངན་སོང་གནས།། ཡང་དག་དོན་རྣམས་བདག་ལ་བསྟན་དུ་གསལ།། ཉོན་མོངས་མཱི་ཤེས་འགྲོང་རྣམས།། སག
39b2 སཱལ་རྒྱ་མཚོས་བཅིངས་པ་དོན་གྱིས་ཁྲོལ།། མ་རིག་མུན་པས་ལྡོངས་པ་གསལ་བར་བྱེད།། འཁོར་བ་རྒྱ་མཚོ་ཐུག་རྗེའི་གྲུ་ཡིས་སྒྲོལ།། བདེ་བར་གཤེགས་པ་ཀུན་གྱི་ཐུགས་ཀྱི་མཆོག། ཡེ་ཤེས་མཆོག་ལྡན་དོན་གྱི་སྙིང་པོ་འདི།། རྣལ་འབྱོར་སེམས་ཀྱི་དོན
39b3 ནི།། འཁོར་རྣམས་འདུས་པ་རྣམས་ལ་རྒྱ་ཆེར་བཤད་དུ་གསོལ།། དོན་རྣམས་ཤིན་ཏུ་རྟོགས་པར་འཚལ་ལགས་ན།། ཐུགས་རྗེའི་གྱེན་རླབས་ཆོ་འཕྲུལ་བཤད་དུ་གསོལ།། ཨ་ལ་ལ་ཧོ་ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས
39b4 མས་ཅད་ཀྱི་བདག་པོ་དེས། འཁོར་རྣམས་ཀྱིས་གསོལ་བ་བཏབ་པར་གཟིགས་ནས། བཞད་པ་མཛད་དོ།། བཞད་པ་མཛད་པས། ཐུགས་རྣམ་པར་དག་པའི་ཀློང་ནས། རིག་ཡའི་ཡེ་ཤེས་བརྗོད་ཀྱིས་མི་ལངས་པའི་ཡང་མི་ལངས་པ་འོད་ཟེར་དང
39b5 བཅས་པ། འོད་ཟེར་དེས་ནམ་མཁའ་ཁྱབ་པར་མཛད་དོ།། འོད་ཟེར་དེ་དག་རེ་རེ་ལས་སྤྲུལ་པའི་སྐུ་བསམ་གྱིས་མི་ཁྱབ་པར་ཤར་བར་མཛད་དོ།། སྤྲུལ་པའི་སྐུ་དེ་དག་རེ་རེ་ལས་ཀྱང་སངས་རྒྱས་འབུམ་ཕྲག་འཁོར་སོ་སོ་ཞམ་འབྲེང་དང་བཅས་པ་གནས་པ་མཛོད་དོ།།
39b6 དེ་དག་ལས་ཡེ་ཤེས་ཀྱི་ཆར་མངོན་པར་དབབ་པས།། མ་རིག་པའི་ཀློང་ཐམས་ཅད་གསལ་བར་མཛད་དོ།། རིག་པའི་ཆོས་ཀྱི་སྒྲ་སྣ་ཚོགས་དང་། རིག་པའི་མཆོད་པ་སྣ་ཚོགས་བྱུང་སྟེ། ཀུན་ཏུ་ཁྱབ་ནས་བྱུང་ངོ་།། སྐུ་གསུང་ཐུགས་གར་མཁན་ལྟར་ལ
39b7 དཔྱད་པར་བྱུང་སྟེ་རྨད་དུ་བྱུང་ངོ་།། ཨ་ལ་ལ་ཧོ་ཞེས་སྒྲ་བསྒྲགས་པས།། སངས་རྒྱས་རྣམས་ཀྱང་གསུང་དབྱངས་གཅིག་ཏུ་སྦ་བསྒྲགས་སོ།། འཁོར་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་དང་། གདུལ་བྱ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་ཡང་སྤྲོ་བར་གྱུར།
iiif viewer powered by OpenSeadragon
39a - 40a