e-texts navigator
Collection
Volume
Page
Wylie

39a1 ན་དུ་མམ་སྤད་དུ་ང་ཆུ་ཏུ་ས་ཐོ་པཔས་ང་ན་ན་ནགས་དུ་ད་ས་བཤེས་འངས། འམ་བ
39a2 བདེ་བ་རིང་ང་ལས་ཆོ་འཕྲུལ་སྣ་ཚོགས་སུ་བཞེངས་ཏེ། འགྱིང་བའམ་བརྗིད་པའི་ཚུལ་དུ་ཡོད་མེད་ཐམས་ཅད་ལ་བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་དེས་ཀུན་པ་ཁྱབ་པར་མཛད་དེ། དེ་རྣམས་ཀུན་གྱི་རང་བཞིན་དུ་གནས་སོ།། དེ་ནས་ཡུམ་ཆོས་ཀྱི
39a3 དབྱིངས་ཕྱུག་མདོང་མཚར་དུ་གྱུར་ཏེ། འདུད་པའི་ཚུལ་གྱིས་ཕྱག་བྱས་ཏེ་གསོལ་པ། ཡེ་ཤེས་དྷུ་འཕྲུལ་རྣམ་པར་རོལ་པའི་སྡེ།། ཟངས་དང་ཤེས་རབ་ཀུན་ལ་མངའ་བའི།། ། འཕགས་པའི་ཐུགས་རྗེ་མོ་འཕྲུལ་འབྱུང་བའི་གནས།། འདྲོ་བའི་དོན་མཛོད་སྤྲུལ་པ
39a4 མང་པོ་འགྱོད།། ཇི་ལྟར་འདོད་པའི་གཟུགས་ཀྱང་སྟོན་པར་བྱེད།། བདེར་གཤེགས་སྤྲུལ་པ་མཛད་པ་བཞེངས་སུ་གསོལ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་དེས། གསོལ་པ་མཁྱེན་ནས་རྩེ་གཅིག་པ་དེ་ཁོ་ན་ཉིད་རོལ་པའི་ཏིང་ངེ་འཛིན
39a5 ལ་གནས་ནས། ཅང་མི་གསུང་བར་མཉམ་པོ་ལ་བཞུགས་སོ།། དེ་ནས་ཡུམ་ཆོས་ཀྱི་དལྗོངས་ཕྱག་མ་དང་། བྱང་ཆུབ་ཀྱི་རྡོ་རྗེ་ལ་སོགས་པ། འཁོར་རྡུལ་སྙེད་ངོ་མཚར་དུ་གྱུར་ཏེ། དེ་དག་གིས་མགྲིན་གཅིག་ཏུ་གསོལ་པ། ཨེ་མ་ཧོ་ཡིད་བཞིན་ནམ་མཁའ
39a6 དང་།། ཁྱབ་པའི་བྱིན་རླབས་རྡོ་རྗེ་བརྗིད་པའི་སྐུ།། སྤྲིན་ཕུང་རོལ་པས་རྡོ་རྗེ་བསྒྱིངས་པའི་སྐུ།། ཐོགས་མེད་རོལ་པས་ཆོ་འཕྲུལ་སྟོན་པར་མཛོད།། ཨེ་མ་ཧོ།། གསུང་མཆོག་སྒྲ་སྒྲོགས་སྙན་པ་ལྟ་བུ་ལས།། རྡོ་རྗེ་བརྗོད་མཛོད་སྒྲ་རྣམས་བརྗོད་པ་མངང་།། གསུང
39a7 གི་ཡན་ལག་རྒྱ་མཚོ་བཀོད་པའི་གསུང་།། སེང་གེའི་སྒྲ་སྒྲོགས་གསང་སྔགས་ངེས་པར་སྟོན།། ཨེ་མ་ཧོ་ཡིད་བཞིན་རིན་ཆེན་གཏོར་ཆེན་ལྟ་བུ་ལས།། རྡོ་རྗེའི་བྱིན་རླབས་བདེ་བའི་མཆོག། ཡེ་ཤེས་ཐིག་ལེ་སྤོས་བྲལ་མེ་རྟོག་ཐུགས།། རྣམ་ཐོ་ཉི




iiif viewer powered by OpenSeadragon

38b - 39b

Texts on this page

Gdg008.2 - byang chub sems 'di gsan yig na sems lung chen po dpe ma rnyed gsungs pa de yin nam 'dra lung rnal 'byor chen po'i rgyud theg pa chen po'i mdo