| | e-texts navigator
|
328a1 ས་།། དུས་ས་སྟོ་།
328a2 རྡོ་རྗེ་དྲར་མོའི་ཏནྟྲ་ལས། རྡོ་རྗེ་སེམས་དཔའ་ཞལ་གདངས་ཀྱི་ཧོམ་རྒྱུད་ཀྱི་ལེའུ་སྟེ་བཅུ་པའོ།། ། རྡོ་རྗེ་སེམས་དཔའི་ཞལ་གདུངས་ཀྱི་མ་རྒྱུད་རྫོགས་སོ།། མ་མ།། ། རྒྱ་གར་སྐད་དུ། མཧཱ་ཏྲ~ཾཀཱ་ར་ཏནྟ།
328a3 བོད་སྐད་དུ། ཧཱུཾ་མཛད་ཆེན་པོའི་རྒྱུད། བཅོམ་ལྡན་འདས་དབང་ཆེན་བདུད་འདུལ་རོལ་པ་ལ་ཕྱག་འཚལ་ལོ།། འདྲས་པའི་དུས་མ་བྱུང་བའི་སྔོན་རོལ་ན། བཅོམ་ལྡན་འདས་དབང་གི་རྒྱལ་པོ་དེས། སྲིད་པ་ཐམས་ཅད་ཡུམ་ཀུན་ཏུ་བཟང་མོ་གཟི་ལྡན
328a4 པདྨ་ཅན་གྱི་མཁར་མཁྱེན་ནས། ཡུམ་གྱི་མཁའ་བདེ་ཀློང་ཆེན་པོ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན། ཡི་གེ་ཧཱུ~ཾ་ད་མ་དལ་བཀྲ་བ། སེར་ལ་གསལ་བ་ལས། ཧཱུཾ་ཧཱུ~ཾ་ཞེས་བརྗོད་པས། ཧཱུཾ་གྲངས་མེད་པ་འཕྲོས་ནས།
328a5 དྲུག་གསུམ་གྱི་འཁོར་བ་ཐམས་ཅད་གཏན་ནས་སྦྱངས་སོ།། འདས་པ་དང་མ་བྱོན་པ་དང་ད་ལྟར་བཞུགས་པ་རྣམས་ཀྱི་སྒྲ་ཡང་མཚོན་པར་བྱེད་དོ།། ཧཱུཾ་དེ་ལས་སྤྲུལ་པའི་སྒྲ་སྣ་ཚོགས་པས་ཀྱང་དོན་མཛད་དོ།། ཧཱུཾ་དེ་དམར་བ་ནི་པདྨ་ཧེ་རུ་ཀའི་ཐུགས
328a6 ཧཱུཾ་དེ་དཀར་བ་ནི་བུདྡྷ་ཧེ་རུ་ཀའི་ཐུགས། སེར་བ་ནེ་རཏྣ་ཧེ་རུ་ཀའི་ཐུགས། མཐིང་བ་ནི་བཛྲ་ཧེ་རུ་ཀའི་ཐུགས། ལྡང་བ་ནི་ཀརྨ་ཧེ་རུ་ཀའི་ཐུགས་སོ།། དེ་རེ་ལ་སྣ་ཚོགས་སུ་འབར་བ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སོ།།
328a7 དེ་ལས་ཐམས་ཅད་འཐོར་ཞིང་། ཐམས་ཅད་བསྲེག། ཐམས་ཅད་དབང་དུ་སྡུད་པར་བྱེད་དོ།། དེ་ལྟར་ཐམས་ཅད་ཧཱུཾ་གིས་རྒྱས་པར་མཛད་དོ།། ཧཱུཾ་མཛད་ཆེན་པོའི་སྒྱིད་ལས་གླེང་གཞི་དང་ཧཱུཾ་གི་དབྱེ་བའི་ལེའུ་སྟེ་དང་པོའོ།། ། སྲས
iiif viewer powered by OpenSeadragon
327b - 328b