e-texts navigator
Collection
Volume
Page
Wylie

323b1 དང་ཁོང་ཁྲག་དམར་པོ་གསོལ།། རི་རབ་ཏུ་མཚོ་འདྲིལ་ཞིང་ཉ་ལའི་དྲུག་ཀྱང་གསོལ།། ཆུ་སྲིན་རྒྱལ་པོའི་གཙུག་ནས་ཡིད་བཞིན་འབར་བ་ཕྲོག། ཏ་ཀྲྀ་ཏང་བྱུག་སྔོན་ཅན་གྱིས་འདུལ་བར་མཛོད།། ནཱི་ལད་ཎ་ཀྲོ་དྷཱ་ད་ཧ་ད་ཧ་ཧཱུ~ཾ་ཕཊ། ཧཱུ~ཾ་མཛད་རིག་པའི་རྒྱལ
323b2 བོནཱ་མགྲིན་འཕགས་པའི་སྐུ།། ཨམྲ་གཱ་ར་བྷའི་དཀྱིལ་ནས་རྡོ་རྗེ་འབར་མ་འདྲེན།། དབུལ་རྟ་སྐད་རྔམ་ཞིང་འཚེར་བས་ནི།། སྟོང་གསུམ་གཡོ་ཞིང་ཀླུ་རྒྱལ་འདུལ་བར་མཛད།། ཁྱོད་ཀྱིས་ལྷ་མ་ཡིན་གྱིས་སྡུག་བསྔལ་སྲུང་དུ་གསོལ།
323b3 ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུ~ཾ་ཕཊ། ཧཱུ~ཾ་མདོད་ཏ་ཀྲྀ་ཏ་རྒྱལ་པོ་འབར་བའི་སྐུ།། ཕྱག་ན་གདུག་པའི་མཚོན་ཆ་ལྤགས་ཀྱུ་འབར་བ་འཛིན།། དམ་ཚིག་འདྲལ་བ་བསྐལ་ཏེ་སྙིང་དང་ཐོད་ཁྲག་གསོལ།། བགེགས་ཀྱི་སྙིང་ནས་དྲངས་ཏེ་ཁྲག་འཐུང་ཐལ་བར
323b4 བརླག། ཕྲ་མེན་ཀུན་དང་རོལ་པས་དུག་གི་སྤྲུལ་པས་ནམ་མཁལ་འགེངས།། མཾ་ཡི་སྐྱེ་མཆེད་གདུག་པ་འདུལ་བའི་དུས་ལ་བབ།། ཌཱ་ཀི་རཱ་ཛ་ཙྪིནྡ་ཙྪིནྡ་ཧཱུ~ཾ་ཕཊ། ཧཱུ~ཾ་མཛད་བདུད་རྩི་འཁྱིལ་པའི་དཔལ་འབར་ལྟས་ཀྱི་སྐུ།། ཕྱག་ན་རྡོ་རྗེ་རྒྱ་གྲམ་དང
323b5 ནི་བདུད་རྩིའི་བུམ་པ་འཛིན།། དངོས་གྲུབ་དཔལ་གྱི་བདུད་རྩི་མཆོག་གསོལ་བ།། ཧཱུཾ་མཛད་བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ།། ཁྱོད་ཀྱིས་གནོད་སྦྱིན་གདུག་པ་གདུལ་དུ་གསོལ།། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཙྪིནྡཙྪིནྡ་ཧཱུཾ་ཕཊ། ཧཱུཾ་མ་ཧཱ་བ་ལ་འཕགས་པའི
323b6 ཕྱག་ན་རྔ་ཡཱབ་དང་ནི་ཀླུ་ཡི་རྒྱལ་པོ་འདོན།། མཆེ། ཙིགས་རྩེ་ལུས་རྡོ་རྗེ་གན་མ་ལྕགས་འབེབས།། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀ་གནོན།། བཙུན་མོ་འཕྲོག་ཅིང་སྦྱོར་བའི་ཐབས་ཀྱིས་རོལ།། ཁྲོ་ཧྲལ་སྟོབས་པོ་ཆེ་ཡི་ཐུགས་དམ་བསྐུལ།
323b7 མཧཱ་བ་ལ་སྥོཊ་སྥོ་ཊ་ཧཱུཾ་ཕཊ། ཁྲོ་བོའི་རྒྱལ་པོ་ཀ་མ་ལ་ཡི་མཚན།། ཁྲོས་པའི་སྤྱན་བགྲད་སྤྲིན་མ་གློག་བཞིན་འགྱུ།། དབུ་གསུམ་ཕྱག་དྲུག་འཚོར་བས་བདུད་འཁྱིལ་མུན་ཁང་འཇོམས།། གཟི་བྱིན་འབར་བས་ན་མ་མཁའ་ཁེངས།། ཕྱག་དྲུག་མཚན




iiif viewer powered by OpenSeadragon

323a - 324a

Texts on this page

Gdg008.20 - rdo rje sems dpa'i zhal gdams kyi me rgyud