| | e-texts navigator
|
323a1 དེ་ནས་སྐུ་ཚོགས་རེ་རེ་རྫོགས་པ་དང་། དྲག་པོའི་ལས་བྱ་བར་གསུངས་སོ།། དེ་ལ་དང་པོར་དྲང་བ་ནི། གོང་དུ་མཆོད་པའི་ཁྲོ་བོ་རྣམས་ཚིགས་སུ་བཅད་པས་རེ་རེ་ནས་བསྐུལ་ཏེ་འདི་སྐད་བརྗོད་དོ།། ཧཱུ~ཾ་ཁྲོ་བོ་ཉི་མའི
323a2 དཀྱིལ་འཁོར་འོད་འབར་བ།། རྔམ་པའི་འོད་ཟེར་དཀྱིལ་ནས་གྲུབ་པ་ཐོག་ཐོག་འཕྲོ།། ཐུགས་རྗེས་གདུག་པ་འདུལ་དུ་གསོལ། ཨཱརྱ་ཀྲོ་དྷ་ན་ཧཱུ~ཾ་ཕཊ། ཁྲོ་ཆེན་མི་ཕུབ་འབར་བའི་སྐུ།། ཐུགས་རྗེའི་བྱིན་རླབས་དཔལ་གྱི་སྒྲ་མངའ་བས།། ཐུགས་རྗེ་ཆེན
323a3 པོ་དབུ་གསུམ་སྡང་མིག་ཅན།། མཆེ་གྲཝ་ཙིགས་ཎྜེ་ཝས་རྡོ་རྗེ་རྒན་ས་ལྕགས་འབེབས།། རྔམ་པའི་ཞལ་ནས་རྡོ་རྗེ་མེ་སྟག་འཕྲོ།། བདུད་འདུལ་རྒྱལ་པོ་གདུག་པ་འདུལ་དུ་གསོལ།། ཨོཾ་བཛྲ་ཀྲོ་དྷ་ནི། ཛྭ་ལ་ནི་ཏིང་པ་ཏ་ཧཱུ~ཾ་ཕཊ། ཧཱུཾ་ཁམས
323a4 གསུམ་སྣང་མཛད་སྐུ་གསུང་ཐུགས་ཀྱི་གཙོ། ཧཱུཾ་མཛད་ཧཱུ~ཾ་གི་དབུལ་རིགས་ལྔའི་སངས་རྒྱས་བཀོད།། ཧཱུ~ཾ་གིས་དུས་གསུམ་ཚུལ་བའི་གསུང་ལས་སྐྱེས་པ་ཡི།། མེ་དཔལ་སྔོན་པོ་འབར་བའི་རང་བཞིན་ཅན།། མེ་དཔལ་སྔོན་པོས་བགེགས་རྣམས
323a5 འདུལ་དུ་གསོལ།། ཏྲཻ་ལོ་ཀྱ་བི་ཛྙཱ་ཡ་ཧཱུ~ཾ་ཕཊ། ཧཱུ~ཾ་མཛད་འཕགས་པ་ཏ་ཀྲྀ་ཏ་མི་གཡོ་མགོན།། ཤེས་རབ་རལ་གྲི་བསྐལ་པའི་མེ་བཞིན་འབར།། མེ་ལྷར་ལ་པ་ཅན་དང་བིཥྚ་སྲུ་ལ་བཞུགས།། མི་ག་ཡོ་རལ་གྲི་འཛིན་པས་གདུག་པ་རྡུལ་དུ་བརླག།
323a6 ཨཱརྱ་ཨ་ཙ་ལ་ཀྲོ་དྷ་ནི་ཧཱུཾ་ཕཊ།། ཧཱུ~ཾ་མཛད་རིན་ཆེན་མཆོག་སྟེ་ཡ་མ་གཤིན་རྗེའི་གཤེད།། བྱམས་དང་ཐུགས་རྗེ་ལྡན་པའི་འཇམ་དཔལ་རྣོན་པོ་ཡིས།། མ་རིག་དུག་གསུམ་དྲ་བ་གཅོད་མཛད་པའི།། དམ་ཚིག་སྒྲོལ་བར་མཛད་ཅིང་དཔལ་གྱི་གནས་སུ་འདོན།།
323a7 བརྗིད་པ་མ་ཧེའི་སྒོ་མེ་དྲི་ཁེངས་པ་གཟིར།། གཤིན་རྗེ་ཐོད་དབྱུག་འབར་བས་བདུད་འདུལ་མཛད།། ཡ་མཱན་ཏ་ཀྲྀཏ་ཀྲོ་ཏ་པ་ཙ་པ་ཙ་ཧཱུཾ་ཕཊ། ཧཱུ~ཾ་མཛད་ཏ་ཀྲྀད་དབྱུག་སྔོན་འབར་བའི་སྐུ།། དབྱུག་སྔོན་འབར་བ་དང་ནི་རྡོ་རྗེ་ཞགས་པས་སྡིགས།། ཆུ་ཚིལ་དང
iiif viewer powered by OpenSeadragon
322b - 323b