e-texts navigator
Collection
Volume
Page
Wylie

322b1 བས་པོ་རྨིལ་ཕྱག་འཚལ་ལོ།། སྒོ་མ་ཆགས་པདྨ་ལཁོར་ལོ་འབར་བའི་སྒྲ།། ལོག་འདྲེན་བགེགས་ཀྱི་བདུད་དཔུང་འཇོམས་མཛད་པ།། ལོག་རྟོག་འདམ་སྲེས་བླ་མེད་གནས་སྟོབས་པ།། རྣལ་པདྨ་འཁྱིལ་ལ་ཕྱག་འཚལ་ལོ།། ཧཱུཾ་མཛད་གསང
322b2 བའི་མཛོད་འཛིན་པ།། དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས།། ལྷ་དང་ལྷ་མིན་དབང་པོ་ཉེ་དབང་བཅས།། ང་རྒྱལ་མཐུ་བསྙེམས་དྲེགས་པས་ཁེངས་པ་ཡི།། སྲིད་གསུམ་གཙོ་བོ་དཔུང་དང་བཅས་པའི་ཚོགས།། བཛྲ་ཧཱུ~ཾ་གིས་བདུད
322b3 དཔུང་འདོམས་མཛད་ཅིང་།། ཐར་པའི་གནས་སུ་སྒྲོལ་བར་མཛད་པ་ཡི།། ཧཱུ~ཾ་མཛད་འབར་བའི་དབྱིངས་ལ་ཕྱག་འཚལ་ལོ།། གོང་མ་བཞིན་དུ་ལྷ་རེ་རེ་ལ་བསྟོད་པའི་རྗེས་ལ་དྲག་པོའི་སྦྱིན་སྲེག་བྱའོ།། ལས་ཀྱི་རིམ་པ་ལས། བསྟོད་པའི
322b4 ལེའུ་སྟེ་གཉིས་པའོ།། ། དེ་ནས་དྲག་པོའི་སྦྱོར་བའི་ལས་བྷ་བ་ནི། འདི་སྐད་བརྗོད་དོ།། ཨོཾ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག། འབུར་བའི་གཏུམ་ཆེན་འབར་བ་ལ།། ཁྲོ་བོའི་ཡིད་ཀྱིས་མཆོད་སྦྱིན་བྷ།། སངས་རྒྱས
322b5 བསོད་ནམས་སྒྲ་ཡང་འཇིག། བདུད་རྩི་ལྔའམ་ཟག་རྔུས་ལ།། མཚན་མའི་མིང་དུ་བཅས་པར་བྱ།། བཀུག་ནས་རྡོ་རྗེ་ཕྲར་པས་བཏབ།། རྡུལ་དུ་བྱས་ལ་ཚོགས་སུ་བསྟབ།། སངས་རྒྱས་ཀུན་གྱི་ཟླ་གསུང་ཐུགས།། ཞེ་སྡང་རྡོ་རྗེ་འཁོར་བརྫས
322b6 བྲན།། བཇིག་རྟེན་བྱམས་ནི་རབ་འབྱམས་ཀྲེན།། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། སྐད་ཅིག་ཡུད་ལ་བརྟག་མཛད་དེ།། བརླག་པར་མ་བྱུང་གང་ཡང་མེད།། དར་ཙར་བུ་ནང་སྭ་ཨ་བྷི་ཙ་ར་མཱ་ར་ཎེ་ཏྲཱ~ཾ་ཕཊ། ཞེས་བསྐུལ་ལོ།། ཨེ་ཡི
322b7 གས་ཀྱི་དཀྱིལ་འཁོར་དུ།། ལུ་ཀྲ་རྒྱང་ངུ་འབྲེལ་བ་སྡམས་ནས།། བཅིང་བསྒྱུར་བསྐྱོད་ནས་ཕྱོགས་བཅུར་གཡོས།། མྱོས་ནས་བསད་དེ་ཚིག་པར་འགྱུར།། ཞེས་བརྗོད་དོ།། ལས་ཀྱི་ལེ་ཛ་ལས། དྲག་པོར་སྦྱོར་བའི་ལེའུ་སྟེ་གསུམ་པའོ།།




iiif viewer powered by OpenSeadragon

322a - 323a

Texts on this page

Gdg008.19 - drag po las kyi go rims