e-texts navigator
Collection
Volume
Page
Wylie

319b1 དང་ཤེས་རབ་ཀྱིས།། ཚེ་རབས་བགྲང་བའི་ཉེས་བྱས་དང་།། དུས་འདྲིའི་ལས་ཀྱི་བག་ཆགས་རྣམས།། ཡེ་ཤེས་འབར་བའི་མེས་བསྲེགས་ནས།། མཛེས་པའི་ལྷ་མོ་ཟུང་གཉིས་ཀྱིས།། དཀྱིལ་འཁོར་གསང་བའི་དབང་བསྐུར་ཏེ།། ཐུགས་རྗེའི
319b2 དབྱིངས་སུ་རྫོགས་གྱུར་ཅིག། ཁམས་ཆེན་བཅོ་བརྒྱད་སྤྱོད་ཡུལ་ནི།། བྱིང་ཚུགས་ལས་ཀྱི་རྣམ་སྨིན་གྱིས།། ཁམས་ཆེན་བཅོ་བརྒྱད་འབྲས་བུར་སྨིན།། བྱང་ཆུབ་ལྟུང་བའི་གནས་ཀྱང་ཡིན།། ངན་འགྲོར་སྐྱེ་བའི་ལས་ཡང་ཡིན།།
319b3 དེ་ཡི་སྡུག་བསྔལ་སྦྱང་བའི་ཕྱིར།། ཡབ་ཐེའུ་ཐབས་དང་ཤེས་རབ་ཀྱིས།། ཚེ་རབས་བགྲང་བའི་ཉེས་བྱས་དང་།། དུས་འདིའི་ལས་ཀྱི་བག་ཆགས་རྣམས།། སྟོང་པ་པོཅོ་བརྒྱད་དཀྱིལ་འཁོར་གྱི།། ཡེ་ཤེས་ཆེན་པོའི་མེས་བསྲེགས
319b4 ནས།། ལུས་ཀྱི་སྒྲིབ་པ་རྣམ་པར་སྦྱངས།། ཐུགས་དམ་དབང་གི་དཀྱིལ་འཁོར་དུ།། ཐུགས་དམ་ཡོངས་སུ་བསླངས་གྱུར་ནས།། བྱང་ཆུབ་ཆེན་པོར་རྫོགས་གྱུར་ཅིག། ཀུ་ཤ་བསྡིགས་པའི་མཆོད་པ་འདིས།། རྒྱལ་བའི་བཀའ
319b5 དང་སྔགས་ཀྱི་དབང་།། མི་ཤེས་ཚུལ་ཁྲིམས་གཞུང་ཉམས་པའི། བྱང་ཆུབ་སྙིང་པོར་རྫོགས་གྱུར་ཏེ།། དེང་གི་ཡོན་བདག་འཁོར་བཅས་རྣམས།། དབང་དང་དངོས་གྲུབ་བསྐྱེད་པའི་ཕྱིར།། སྐྱེད་མོས་ཚལ་གྱི་ལྗོན་པ་ལྡང་།། རྨ
319b6 མའི་སྟན་ལ་འདུག་པར་ཤོག། ཏིལ་འབྲུ་བསྲེགས་པའི་མཆོད་པ་འདིས།། དིང་གི་ཡོན་བདག་འཁོར་བཅས་རྣམས།། བསྐལ་པར་བསགས་པའི་སྡིག་སྦྱངས་ཏེ།། ཀུན་གྱི་གནས་སུ་ཞོན་པ་ལས།། ཐུགས་ཀྱི་སྤྲུལ་པའི་བྱིན་རླབས
319b7 ཀྱིས།། བླ་མའི་གནས་སུ་འབྱོར་བར་ཤོད།། སྙིང་པོ་བསྲེགས་པའི་མཆོད་པ་འདིས།། བདག་ཅག་རིག་འཛིན་སྡིགས་མཁན་གྱི།། ལུས་ངག་ཡིད་གསུམ་ལྡན་པ་ཡིས།། ཕྲིན་ལས་ཡོ་བྱད་གཞུང་བསྲང་སྟེ།། སྲིད་པའི་རྩེ་མོ་མན་ཆད




iiif viewer powered by OpenSeadragon

319a - 320a

Texts on this page

Gdg008.17 - sbyin sreg las kyi le'u