| | e-texts navigator
|
319a1 འཁྲུལ་པའི་ཉེས་བྱས་ཀྱིས།། ལུས་ངག་ཡིད་གསུམ་འབྲས་བུར་སྨིན།། ཁམས་གསུམ་འཁོར་བའི་རྒྱུན་ཡང་ཡིན།། ངན་སོང་ལྟུང་བའི་གཞི་ཡིད་ཡིན།། དེ་ཡི་སྒྲིབ་པ་སྦྱང་བའི་ཕྱིར།། ཡུམ་ཟེ་འཐབས
319a2 དྲང་ཤེས་རབ་ཀྱིས།། ཚེ་རབས་བགྲང་བའི་ཉེས་བྱས་དང་།། དུས་འདིའི་ལས་ཀྱི་བག་ཆགས་རྣམས།། སུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ།། ཡེ་ཤེས་འབར་བའི་མེ་ས་བསྲེགས་ཏེ།། བྱང་ཆུབ་སྙིང་པོར་རྫོགས་པར་ཤོག། ཕུང་པོ་ལྔ་ཡི་རང་བཞིན
319a3 ནི།། རྟོག་པས་འཁྲུལ་པའི་ཉེས་བྱས་ཀྱིས།། ཕུང་པོ་ལྔ་ནི་འབྲས་བུར་སྨིན།། ངན་སོང་ལྕེ་ཡི་གཞི་ཡང་ཡིན།། རྒྱུང་ལྔར་འཁོར་བའི་རྒྱུ་ཡང་ཡིན།། དེ་ཡི་སྒྲིབ་པ་སྲུང་བའི་ཕྱིར།། ཡབ་ཟེའུ་ཐབས་དང་ཤེས་རབ་ཀྱིས།། ཚེ་རབས་བགྲང་བའི
319a4 ཉེས་བྱས་དང་།། དུས་འདིའི་ལས་ཀྱི་བག་ཆགས་རྣམས།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ།། ཡེ་ཤེས་འབར་བའི་མེས་བསྲེགས་ནས།། སྐུ་ལྔ་འབར་བའི་དཀྱིལ་འཁོར་དུ།། བྱང་ཆུབ་སྙིང་པོར་རྫོགས་པར་ཤོག། རྣམ་ཤེས་བརྒྱད་ཀྱི
319a5 སྤྱོད་ཡུལ་ནི།། འཁོར་བ་ལྔ་དང་དུག་གསུམ་གྱིས།། རྣམ་ཤེས་བརྒྱད་ཀྱི་འབྲས་བུར་སྤྲིན།། སྡུག་བསྔལ་བརྒྱད་ཀྱི་གཞི་ཡང་ཡིན།། ཉོན་མོངས་བརྒྱད་ཀྱི་རྒྱུ་ཡང་ཡིན།། དེ་ཡི་སྡུག་བསྔལ་བསལ་བའི་ཕྱིར།། ཡབ་ཐེའུ་ཐབས་དང་ཤེས་རབ་ཀྱིས།།
319a6 ཚེ་རབས་བཟང་བའི་ཉེས་བྱ་སྡ་དང་།། དུས་འདྲིའི་ལུས་ཀྱི་བག་ཆགས་རྣམས།། ཡེ་ཤེས་བརྒྱད་ཀྱི་དཀྱིལ་འཁོར་དུ།། ཡེ་ཤེས་འབྱུང་བའི་མེསྣ་བསྲེགས་ཏེ།། རྣམ་པར་ཤེས་པ་བརྒྱད་སྙི་དཀྱིལ་འཁོར་དུ།། བྱང་ཆུབ་སྙིང་པོར་རྫོགས་གྱུར་ཅིག།
319a7 མཆེད་བཅུ་གཉིས་རང་བཞིན་ནི།། སུ་མ་རྟོག་པའི་འཛིན་ཆགས་ཀྱིས།། སྐྱེ་མཆེད་བཅུ་གཉིས་འབྲས་བུར་སྨིན།། འདུ་ཤེས་ཚོལ་བའི་རྒྱུད་ཡང་ཡིན།། གཏི་མུག་འཁོར་བའི་ལམ་ཡང་ཡིན།། དེ་ཡི་སྡུག་བསྔལ་བསལ་བའི་ཕྱིར།། ཡབ་ཐེའུ་ཐབས
iiif viewer powered by OpenSeadragon
318b - 319b