| | e-texts navigator
|
317b1 བོན་མ་བཅུག་ཀྱང་།། འབྱུང་བ་ཆེན་པོ་མེ་ཡི་རྒྱུ།། སོ་སོའི་རྒྱུ་ལས་མཐོངས་ལ།། རྒྱ་མཚོའི་གཏིང་ནས་མྱེ་དྲོངས་ལ།། འཁོར་བའི་རྒྱ་མཚོ་སྦྲུམ་པ་དང་།། ཉོན་མོངས་བུད་ཤིང་བསྲེགས་པ་དང་།། སྣང་བའི་དགྲ་དང་གནོད་པའི
317b2 བགེགས།། དེ་ཡི་བག་ཆགས་བསྲེག་དགོས་ཀྱིས།། བུས་ཤིག་བུས་ཤིག་མེ་བུས་ཤིག། སྐུལ་ཅིག་སྐུལ་ཅིག་འགལ་སྩལ་ཅིག། མ་མ་མ་མོའི་ཚོགས་འབད་པ།། ཆུ་ཀླུང་སྐེམ་པར་བྱེད་པ་སྟེ།། རྒྱ་མཚོའི་གཏིང་དུ་མེ་བུས་པས།།
317b3 རི་རབ་རྩེལ་ལྗོན་ཤིང་ཆགས།། རྒྱ་མཚོའི་གཏིང་དུ་རྡོ་བཅག་པས།། རྡོ་རྗེ་ཁྲོ་བོར་གྱུར་ནས་སུ།། ཞེ་སྡང་བྱེད་པ་རྡུལ་དུ་རྨོགས།། སྲིད་གསུམ་བསྲེག་པའི་མེ་སྦར་བས།། ཁྲོ་བོ་འབར་བའི་ཐུགས་དམ་བསྐང་།། དབང་ཕུག་མ་དང་བྲན་མོའི
317b4 ཚོགས།། ཁྱེད་རྣམས་འདུས་ལ་ལས་རྣམས་ཀྱིས།། དྲུག་པོའི་ལས་ལ་ཁྱད་པར་བསྐུལ་བའི་ལེའུ་སྟེ་ཐ་མའོ།། ། དེ་ནས་དཔལ་རྡོ་རྗེ་སེམས་དཔས་སྲེག་ལས་ཀྱི་ལེའུ་འདི་གསུངས་སོ།། ཐུགས་རྗེ་དབང་གི་དཀྱིལ་འཁོར་དུ།
317b5 ཡེ་ཤེས་འབར་བའི་མི་བྱུང་བས།། དུ་བ་མངོན་ལྔ་ཐིང་ཆོས་ཀྱི་སྤྲིན།། ཞི་བའི་མཆོད་པ་བུག་པ་ནི།། སྲིད་པའི་རྩེ་མོ་མན་ཆད་ནས།། བསམ་གཏན་གསལ་བའི་གནས་རྣམས་སུ།། སྐྱེ་མཆེད་ཕྱོགས་ཀྱི་བུགས་དམ་བསྐང་།། དཀོན་མཆོག
317b6 གསུམ་གྱི་ཐུགས་དམ་མཆོད་སྤྲིན་རྒྱུ།། རྒྱལ་བའི་བྱིན་རླབས་འཕེལ་བར་ཤོག། མེ་ལྕེ་འཔར་བའི་མཆོད་པ་འདིས།། བདེ་གཤེགས་ལྷ་ཡུལ་དགའ་ལྡན་དུ།། དགྲ་བཅོམ་འགྲོ་བའི་དོན་བྱས་ནས།། རྒྱལ་བའི་བཀའ་དང་བྱང་ཆུབ་སེམས།།
317b7 ཐུགས་དམ་ཡོངས་སུ་བསྐངས་གྱུར་ནས།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ།། རང་རིག་འབྲས་བུ་བསྐྱེད་པ་དང་།། དཔལ་གྱི་བྱིན་རླབས་འཕེལ་བར་ཤོག། མེ་འོད་འབར་བའི་མཆོད་པ་འདིས།། ལྷ་དང་བཅས་པའི་སློབ་དཔོན་དང་།། སྲོག
iiif viewer powered by OpenSeadragon
317a - 318a