| | e-texts navigator
|
264a1 ཡིན་ཏེ་ཁྲོ་བོའི་ལས་དབང་གི་སྡང་བའོ།། དེ་ལྟ་བུའི་དབུས་སུན། སྔོན་གསང་སྔགས་ཀྱི་དོན་སྤྱོད་ཙན། དངོས་པོ་ལ་བརྟག་པར་འཛིན་པའི་མཐུ་བརྟས་པས། རྦ་ནུམ་པ་གསུམ་གྱི་བདག་པོ་དབུས་ན་གནས་པ་དེ། སྔོན་དངོས་པོ
264a2 ཡོད་པ་ལ་ཆེ་བར་བསྒོམས་པའི་དབང་གིས། ལུས་རི་རབ་ཙམ་ལ། སྡིག་པའི་ལས་སྔོན་དུ་ཐལ་ཞིང་། བསོད་ནམས་ཀྱི་ལས་ཕྱིར་ལུས་པས། མདོག་ཀྱང་ཐལ་མདོག་སྔོ་སྦྱར་འདུག་པ། ཉོན་མོངས་པ་དྲུག་གསུམ་གྱི་རྩ་བ་ལས། ཉོན་མོངས་པ་བསམཆིས
264a3 མི་ཁྱབ་པར་སྔོན་སྤྱད་པའི་མཐུས། ལག་ན་ཡང་མདུང་རྩེ་གསུམ་པ་ལ་སོགས་ཏེ། མཚོན་ཟ་བསམ་གྱིས་མི་ཁྱབ་པ་ཐོགས་པ། སྔོན་ཉོན་མོངས་པ་ཐགས་པ་ཆེ་བའི་འཁོར་དང་སྨོན་ལམ་མཐུན་པས། དེའི་འཁོར་ཡང་ཤར་གཏི་མུག་ཆེ་བ་དྲི་ཟའི་སྲིན་པོ།
264a4 ངརྒྱལ་ཆེ་བ་གཤིན་རྗེའི་སྲིན་པོ། ནུབ་འདོད་ཆགས་ཆེ་བ་ཀླུའི་སྲིན་པོ། བྱང་ཕྲག་དོག་ཆེ་བ་གནོད་སྦྱིན་སྲིན་པོ། དེ་རྣམས་ཀྱང་ཆོས་ཉིད་ལ་ཆོ་ག་ཤེས་པའི་ཏིང་ངེ་འཛིན་མེད་པས། ཀུན་ཀྱང་སེམས་ཅན་མང་པོ་ཟོས་འཆོས་ཀྱང་སྐེམ་པ་ལ་སྲིད་པ་རྩ་ཆུས་སྲབ།
264a5 པགས་པ་གཉེར་མ་རུས་གོང་ཆེ་བའོ།། དེ་རྣམས་ཀྱང་སྔོན་འདོད་ཆགས་དང་འདྲལ་མ་ཤེས་པས། ཆུང་མ་རེ་རེ་དང་འཁྲིལ་ཏེ། དེ་རྣམས་སྔོན་འདོད་ཆགས་ལ་ཆོག་པའི་དུས་མེད་པས་གཞན་ཡིད་དུ་འོང་བའི་བྱི་མོ་དང་། སླས་དང་དུར་ཁྲོད་ལ་སོགས་པའི་མོ་རྣམས
264a6 ལ་ཆགས་པ་སྤང་བའི་དབང་གིས། དེ་རྣམས་ཀྱི་འཁོར་ན་སྲིན་མོ་བརྒྱད་དང་། མགོ་བརྟན་མ་བརྒྱད་དང་། ཤ་ཟ་ཉི་ཤུ་རྩ་བརྒྱད། མཁའ་འགྲོ་སུམ་ཐུ་རྩ་གཉིས། གཙོ་ལ་བཞི་སྟེ་ཅུ་དྲུག། ལས་དང་མངག་གཟུག་སུམ་བཅཝ་དྲུག་ཅུ་དང་། གསོད་པ་བཅོ་བརྒྱད
264a7 ཡང་བྲན་བརྒྱད་ཁྲི་བཞི་སྟོང་། སུམ་བཅུ་དྲུག་ཅུ། བཅོ་བརྒྱད། བཅུ་བཞི། བཞི་ལ་སོགས་པ་ལ་ནད་བཞི་བརྒྱ་རྩ་བཞི་བརྒྱ་རྩ་བཞི་ལག་ཆར་བསྐུར་ནས། སྐྱེ་འགྲོ་མཐོང་དག་ནི་བསྒྲལ་ནས། ཐམས་ཅད་པུང་བར་བྱས་ཏེ། གཙང་སྡེ་མེད་པར་ཟ་སྟེ། ཏ་ནའི་ལས
iiif viewer powered by OpenSeadragon
263b - 264b