e-texts navigator
Collection
Volume
Page
Wylie

263b1 དང་གཞན་དངོས་སུ་འཐབ་པ་དང་། སྐྱོན་དང་ཟོལ་ལ་སོགས་པ་བཤམས་ནས། འཁྲུག་པ་དང་གསོད་པ་ལ་སོགས་པ་བྱེད་པ་དང་། བདག་ཉིད་ཀྱིས་མི་རྟག་པ་དང་། སྒྱུ་མ་ལྟ་བུའི་དོན་མི་ཤེས་པས། མི་ཆོས་ཀྱི་བློན་པོ་ལྟ་བུ་དང་། འདུ་འཛིག་ཡེང་བ་སྤྱོད
263b2 པའི་ལས་བྱེད་པ་དང་། དེ་ལྟ་བུའི་ལོག་པར་འདྲེན་པའི་སློབ་མ་མད་པའི་དབང་གིས། གཞན་ཐམས་ཅད་ཀྱང་དེ་ལྟ་བུའི་ལས་བྱེད་པ་དང་། གཅིག་ལ་གཅིག་འཛུག་པ་དང་། འཐབ་ཅིང་རྩོད་པ་དང་། ཕྲག་དོག་རློམ་པ་དང་། ཆེ་བ་དང་དཀུར་བའི་རིམ་པ
263b3 མེད་པར་གནད་དུ་བཙུགས་ནས། ལོག་པའི་ལས་རྣམ་པ་སྣ་ཚོགས་པ་བཤམ་པ་དང་། ལོག་པ་དང་སྡིག་པའི་ལས་རྣམ་པ་སྣ་ཚོགས་པར་སྤྱད་པའི་དབང་གིས། ཡོངས་ཀྱིས་དཔྱ་སྨྲ་བར་གྱུར་ནས། ཀུན་ཀྱང་འཇིག་རྟེན་གྱི་ཁམས་འདིར་མི་བདེ་བ་རྣམ་པ་སྣ
263b4 ཚོག་པ་ཉམས་སུ་མྱོང་ནས། བསྒྲུབ་པ་ལ་དོན་མེད་ཅིང་ཚུས་མ་ཡིན་པར་ཚེ་ཟད་ནས། དམ་ཚིག་ཉམས་པ་རྣམས་ནི་སེམས་ཅན་དམྱལ་བའི་ཡོད་གཏིང་དུ་སྐྱེ་བར་འགྱུར་རོ།། ནམ་ཡང་འཐོན་པའི་དུས་མེད་པ་ཡིན་ནོ།། ཕལ་པ་རྣམས་དང་སློབ་མ་རྣམས
263b5 ཀྱིས་སྣ་དྲངས་ནས། མནར་མེད་པ་མ་གཏོགས་པ་ཡན་ཆད་ནས། ཉི་ཚེ་བ་མན་ཆད་དུ་བསྐལ་པ་དུ་མ་ཞིག་གི་བར་དུ་སྡུག་བསྔལ་ཉམས་སུ་མྱོང་ནས། དེ་ལས་ཐར་ནས་བྱོལ་སོང་དང་ཡི་དྭགས་ཀྱི་གནས་སུ་སྐྱེ་ན་ཡང་། སྔོན་གསང་སྔགས་སྤྱོད་ཙ་ནས།
263b6 ཞེ་སྡང་གི་དབང་གིས་མགོ་ལུས་མང་བར་བསྒོམས་པའི་ཁ་མིག་མགོ་ལུས་མང་བར་སྐྱེས་ནས། དེར་ཡང་སྡུག་བསྔལ་ཤས་ཅིག་ཉམས་སུ་མྱོང་ནས། དེ་ནས་ཐར་ནས་སྐྱེན་ཡང་ཐར་པའི་སྒོ་ལྷོ་ནུབ་པས། གནས་ཀྱང་ལྷོ་ནུབ་མཚམས་བུར་ཁྲོད་ཀ་རངས་ཞེས
263b7 བྱ་བར་སྐྱེས། ད་དངོས་པོར་འཛིན་དབང་གིས་ལྷོ་ནུབ་མཚམས་དེ་ཡང་ཕྱོགས་བཞི་དབུས་དང་ལྔར་གནས། ཐ་མ་གྲོང་ཁྱེར་གྱིས་བསྐོར་བ། ཕྱི་མཐའ་དུར་ཁྲོད་ཀྱི་ཚོགས་མེད་པར་གནས་པའི་ཡུལ་དུ་སྐྱེས། དེ་ལ་གནས་པ་དེ་ལ་ཡང་རང་རྒྱུད་ཀྱི་གནས




iiif viewer powered by OpenSeadragon

263a - 264a

Texts on this page

Gdg008.13 - dpal 'bar khro mo'i rgyud