e-texts navigator
Collection
Volume
Page
Wylie

260a1 ཐུགས་དམ་བསྐང་།། ཕོ་ཉ་རྐང་མགྱོགས་དངོས་གྲུབ་ཡུལ་དུ་གསོལ།། རྡོ་རྗེ་གིང་ཆེན་ཀ་ཏ་ཤིང་མཆོག་བཅཝོ་བརྒྱད་ལ།། བསྔལ་བའི་རྩིབ་མ་བཅཝོ་བརྒྱད་མཆོད་པ་འབྲལ།། གིང་ཆེན་ཐུགས་དམ་བསྐང་སྟེ་དངོས་གྲུབ
260a2 སྩོལ།། དེ་ནས་ཞལ་དུ་བསྟབ་པ་འདི་སྐད་དོ།། བསྟབ་པོ་ཁ་རཾ་ཞལ་ཕྱེས་ཤིག། འབར་བ་ཆེན་པོ་ཞལ་ཕྱེས་ཤིག། རྣམ་རྟོག་མ་ལུས་ཞལ་དུ་བསྟབ།། དབུ་དང་ཕྱག་མང་ནལ་ཕྱེས་ཤིག། དགྲ་བགེགས་མ་ལུས་ཞལ་དུ་བསྟག།། ཞིང་གསོལ་ཆས་བརྒྱད་ཞལ
260a3 ཕྱེས་ཤིག། བར་དུ་གཅོད་པ་ཞལ་དུ་བསྟབ།། ཤ་ཟ་ཁྲག་འཐུང་ཞལ་ཕྱེས་ཤིག། བསྒྲལ་བའི་ཞིང་བཞི་ཞལ་དུ་བསྟབ།། རྔམ་བྱེད་མ་ལུས་ཞལ་ཕྱེས་ཤིག། བདུད་དང་སྲིན་པོ་བར་གཅོད་བྱེད་པ་དང་།། རྡོ་རྗེ་སློབ་དཔོན་སྤུ་དགྲ་རྣམས།། མ་ལུས་བཞེས
260a4 ཏེ་རོལ་པར་མཛོད།། འབྱུང་པོའི་ཁྲག་ནི་ཆང་བས་ཞིམ།། འདོད་ཆགས་མཆོད་པ་བླ་ན་མེད།། འདོད་ཆགས་མཆོད་པ་བཞེས་སུ་གསོལ།། གསུང་གི་དངོས་ཐུབ་སྩལ་དུ་གསོལ།། འབྱུང་པོའི་རྣས་པ་མ་རབས་ནིམ།། ཞེ་སྡང་མཆོད་པ་བླ་ན་མེད།། ཞེ
260a5 སྣང་མཆོད་པ་འདི་བཞེས་ལ།། ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། འབྱུང་པོའི་ཤ་ནི་ཟན་པས་ཞིམ།། གཏི་མུག་མཆོད་པ་བླ་ན་མེད།། གཏི་མུག་མཆོད་པ་འདི་བཞེས་ལ།། སྒྲ་ཡི་དངོས་གྲུབ་སྩལ་དུ་གསོལ།། མ་ཧཱ་རཀྵ་མ་ཧཱ་མཱཾ་ས་མ་ཧཱ་ཀིཾ་ནི་རི་ཏི་ཁ
260a6 རཾ་ཁཱ་ཧི། ཚོགས་རྒྱུད་ཆེན་པོ་རྫོགས་སོ།། དེ་ནས་གསང་བ་ཐབས་དང་ཤེས་རབ་བྱང་ཆུབ་སེམས་ཀྱི་མཆོད་པ་ལ་ཡང་དོན་རྣམ་པ་ལྷ་སྟེ།། གཟུངས་མ་བྱིན་གྱིས་བརླབ་པ་དང་།། གཉིས་སུ་མེད་པར་སྦྱོར་བ་དང་།། གསང་བའི་མཁའ་ལ་སེམས་ཅན་ཐམས
260a7 ཅད་དབང་བསྐུར་ཏེ་གནས་སྤང་བ་དང་། དཀྱིལ་འཁོར་གྱི་ལྷ་ལ་བྱང་ཆུབ་སེམས་ཀྱི་མཆོད་པ་འབུལ་བ་དང་། བྱང་ཆུབ་སེམས་རྡོ་རྗེའི་ལྕེ་ཡིས་དངོས་གྲུང་བླང་བ་དང་ལྔའོ།། དེ་ལ་དང་པོ་གཟུངས་མ་བྱིན་གྱིས་བརླབ་པ་ནི།། གཟུངས་མ་ཉིད་ཡུམ་ཤེས




iiif viewer powered by OpenSeadragon

259b - 260b

Texts on this page

Gdg008.12 - rnal 'byor nang gi tshogs rgyud chen po