| | e-texts navigator
|
249a1 སོགས་པས་རྒྱུ་འད་ག་ཏས་ལསགས་པ་ག་དྨ་ཡར་མཚང་བ་མེད་ཅརྫོགས་སུ་ཡང་བརྡུང་བ་ས་ཐམསན་ཚོགས་པ་ལཆགས་ཞེས་བྱ་བ་ལྔས། མ
249a2 ཞིང་མ་ཚོགས་པ་དང་། མི་མཐུན་པ་ཚོགས་པ་ལ་ཚོགས་ཞེས་ཟླ་བའི་ངེས་ཆོག་མེད་དོ།། དེ་ལ་ཚོགས་ཀྱི་སློབ་དཔོན་ནི་ཀུན་གྱིས་བྱ་བ་མ་ཡིན་གྱིས། ལྟ་བ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་རྟོགས་པ། སྤྱོད་པ་གསང་བའི་བཀའ་དང་མི
249a3 འགལ་ཞིང་། ཐབས་ལ་མཁས་པས་སྡོང་མ་ཡིན་པ་དང་། མུ་སྟེགས་དང་ལོག་པའི་ཕྱོགས་རྣམས་ཀྱིས་མཚོར་མ་འཇིགས་པའི་ཐབས་ལ་མཁས་པར་སྤྱོད་པ་དང་། དབང་རིམ་པས་བརྩེགས་ཏེ། རིགས་པའི་རྒྱལ་པོ་རབ་འཐམས་ཀྱི་དབང་ཐོབ་ནས།
249a4 དབང་རྒྱུད་དང་། དབང་རྫས་དང་། དབང་རྟགས་དང་། དབང་བསྒྲུབ་དང་། དབང་བསྙེན། དབང་བསྲུང་བ་ལ་མཁས་པ་དང་། དམ་ཚིག་གཞི་དང་འདྲ་བར་ཤོར་ཡངས་དང་། ཐེག་པ་ཆེ་ཞིང་སྙིང་ལ་འཆང་སྟེ་བསྲུང་བ་དང་། ཕྲིན་ལས་ཀྱི་སྔག་དང
249a5 ཕྱག་རྒྱ་དང་ཏིང་ངེ་འཛིན་དང་། མ་ནོར་པའི་ཚུལ་དགུ་སྟེ། དགོངས་པའི་ལྷ་ཚུལ་དང་། གང་ཡེ་ཤེས་ཀྱི་ཚུལ་དང་། ཕྱག་རྒྱ་སྦའི་ཚུལ་དང་། སྔགས་གསུང་གི་ཚུལ་དང་། སྙིང་པོ་ཐུགས་ཀྱི་ཚུལ། མཆོད་པ་ཡོན་ཏན་ཅི་ཚུལ།
249a6 ལས་ཀྱི་ཚུལ། སྐྱིལ་ཟུང་ཞི་བའི་ཚུལ། སྟངས་སྟབས་ཁྲོ་བོའི་ཚུལ་ཏེ། ཚིག་ཏུ་འབྲེལ་པ་དང་། གོང་འོག་མ་འཆོལ་བ་དང་། དགོངས་པའི་དཀྱིལ་འཁོར་ཆེན་པོར་རྫོགས་པས་འཛིན་པའོ།། དེ་ལ་ཚོགས་ཀྱི་རྒྱལ་ཚ་བ་ནི། དཔེར་ན་རྒྱལ་པོའི
249a7 བཀའ་བ་སྒོ་བློན་པོས་གསུངས་པ་དང་འདྲའོ།། དགོངས་སྤྱོད་ཀྱི་དོན་ཐ་མི་དད་པ་དེ་ཉིད་དང་མཚུངས་པ་ལས། གཞན་འདྲེན་པའི་ཐབས་ལ་མཁས་པ་དང་། སློབ་དཔོན་གྱི་སྲ་བསྙེལ་བ་དང་། ཐུན་སློབ་དང་། སྙོམས་པ་ལ་སོགས་པ་ལ་བར་མི་གཅོད་ཅིང
iiif viewer powered by OpenSeadragon
248b - 249b