| | e-texts navigator
|
248a1 མ་བཛད། རྗེས་སུམ་སྡང་བ། རྗོད་དུ་མང་ཅིང་བརྗོད་པའི་མཐའ་ལས་འདས་པ། སྨྲ་བ་ཡང་མདང། ལགས་ངས་པ་མེད་པ། ཐགས་ནམ་མཁའ་དང་འདྲ་བ་ལ། རྟོགས་པ་འོད་ཟེར་བཙུན་གདས་། ཁ་ལས།
248a2 པ་ཐམས་ཅད་ནི་ལྷའི་དཀྱིལ་འཁོར། བརྗོད་པ་ཐམས་ཅད་ནི་ཆོས་ཉིད་ཀྱི་བརྗོད་པ། གྲགས་པ་ཐམས་ཅད་ནི་སྐྱེ་བ་མེད་པའི་ཀློང་། རི་བོ་ཐམས་ཅད་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན། དགོངས་པ་ཐམས་ཅད་ནི་མ་གྱེས་པའི་གྲོང་དུ་ལྡན་གྱིས་གྲུབ
248a3 པས་རྦ། བྱང་ཆུབ་སེམས་དཔའ་མཐའ་ཡས་པ་ཐམས་ཅད། རྡོ་རྗེ་སེམས་དཔའི་ཆོས་ཀྱི་སྔར་ལྡན་གྱིས་གྲུབ་པས། བྱང་ཆུབ་སེམས་དཔའ་རྣམས་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ། མགྲིན་གཅིག
248a4 སྐད་ཅེས་གསོལ་ཏོ།། ཨེ་མ་ཨ་ལ་ལ། བཅོམ་ལྡན་འདས་འདི་ཅིའི་རྒྱུ། ཅིའི་རྐྱེན། ཅི་ལས་བྱུང་བ་ལགས། ཐུག་རྗེ་ཚེ་དང་ལྡན་པས་ལུང་བསྟན་དུ་གསོལ།། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ།། རྡོ་རྗེ་སེམས་དཔས་བཀའ
248a5 སྐུལ་པ། འདི་ནི་རྣལ་འབྱོར་གྱི་ཚོགས་ཀྱི་རྒྱུད་དོ།། རྣལ་འབྱོར་ཀྱི་ཚོགས་ཀྱི་རྒྱུད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རྐྱེན་ནོ།། རྡོ་རྗེ་སེམས་དཔའང་ཡང་རྣལ་འབྱོར་གྱི་ཚོགས་ཀྱིས་མཆོད་པ་བྲལ་བས་སངས་རྒྱས་པས། དེ་དག་ཐམས་ཅད་ནི
248a6 མཆོང་པ་ཕུལ་བ་ལས་བྱུང་བའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། ཚོགས་ཞེས་བགྱི་བ་ངེས་ཚིག་ཅི་ལགས། ཚོགས་ཀྱི་དཀྱིལ་འཁོར་ཇི་ལྟར་བསྐྱེད། ཚོགས་ཀྱི་སློབ་དཔོན་དེ་ལྟ་བུ་ལ་བཞི། ཚོགས་ཀྱི་རྒྱལ་ཚབ་ད་གར་དང་གིང
248a7 ལྟ་བུ་ལ་བགྱི། ཡུམ་ཇེ་ལྟ་བུ་ལ་བརྩི། ཚོགས་ཀྱི་ཡོ་བྱད་ཅི་འཚལ། མཆོད་པ་ཇི་ལྟར་འབྲལ། གྲངས་སུ་འཚལ། ཚོགས་ཀྱི་འབྲས་བུ་ནི་ཐོབ་པ་ལགས། ཡུན་ཅི་ཙམ་གྱིས་འབྲུང་། ཕུལ་བའི་ཡོན་ཏན་དང་། མཕུལ་བའི་སྒོ
iiif viewer powered by OpenSeadragon
247b - 248b