| | e-texts navigator
|
247b1 ཕྱོགས་བགྲངས་གསུམ་གྱི་སངས་བྱས་ཐམས་ཅད་ཀྱི་སྔགས་དང་གསུང་ལ་ག་པས། གང་ན་སངས་རྒྱས་བཅོམ་ལྡན་འདས་གསུང་གི་སྐནས་ཟས་ཀྱི་འཁར་ལ་བསྐོར་བར་བཞེད་པ་རྣམས་བསྐུལ་བའི་སལ་བདངས་ཏེ་བཟུགས་པ་རྣམས་པ། གངན
247b2 ནས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། དགྱེས་པ་ཆེན་པོ་ཆོས་ཉིད་ཀྱི་མཆོད་པ་ཕུལ་ནས། ཆོས་ཐམས་ཅད་ཚིག་དང་ཡི་གེའི་སྒོ་ནས། སངས་རྒྱས་པའི་དོན་ཐུགས་ཡེ་ཤེས་ཀྱི་སློང་དམ་ནས་དགོངས་ནས་མཐུར་གསང་བའི་བུམ་པར་གྱུང་ནས། ལྗག
247b3 ཀྱི་དབང་པོ་མཆོག་ལ་བཀྲམ་ནས་འགྲོ་བ་སེམས་ཅན་ལ་ཆོས་ཀྱི་འཁོར་ལོ་བསྐོང་བར་བསྐུལ། གང་ནས་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ།། འགྲོ་བ་མི་རྟག་པར་བསྟན་པའི་སླད་དུ། ཐབས་ཀྱིས་མྱ་ངན་ལས་འདས་པའི
247b4 ཚུལ་བསྟན་པར་བཞེད་པ་རྣམས་ལ་ཡང་ཕོག་པས། དགྱེས་པ་ཆེན་པོའི་མཆོད་པ་ཕུལ། ཐུགས་དམ་ཆེན་པོའི་རྒྱུད་བསྐུལ་ནས། ཐབས་ཀྱིས་མྱ་ངན་ལས་མི་འདའ་ཞིང་། འཇིག་རྟེན་དུ་ཡུན་རིང་དུ་བཞུགས་པར་གསོལ་བ་གདབ། སུག
247b5 པོས་བརྟན་པའི་སངས་རྒྱས་རྣམས་ལ་ཕོག་པས། ཡིག་འབྲུ་གཟུགས་ཀྱི་མཆོད་པས་མཚན་དང་དཔེ་བྱད་དུ་ལྡན་པའི་སྒོ་ནས་བདག་དང་གཉིས་སུ་མེད་པར་ཐུགས་དམ་བསྔལ། ཡིག་འབྲུ་ཚིག་གི་མཆོད་པས་གསུང་དབྱངས་བསམ་གྱིས་མི་ཁྱབ་པ་དང་།
247b6 ལྡན་པའི་སྒོ་ནས་ཚིག་གི་དོན་གསལ་ནས་ཆོས་ཉིད་མ་སྐྱེས་པར་ཐུགས་དམ་བསྔལ། ཡིག་འབྲུ་དོན་གྱི་མཆོད་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་སྒོ་ནས་དོན་གྱིས་རྟོགས་པར་བྱས་ལ་སངས་རྒྱས་པར་བྱས་ཏེ། འཁོར་བའི
247b7 བཙལ་གྱིས་མི་རྙེད་ཅིང་། ཐམས་ཅད་བྱང་ཆུབ་སྙིང་པོ་ཅན་དུ་ལྡན་གྱིས་ཐུབ་པར་དབང་བསྐུར་ཏེ། སླར་འདུས་ཏེ་རྡོ་རྗེ་སེམས་དཔའི་ཐུགས་ཀར་འདུས་པ་ལས། རྡོ་རྗེ་སེམས་དཔའི་ཐུགས་གཅིག་ཏུ་མི་སྡང་བ། གཉིས་སུ་མ་གྱི། གྲངས་སུ
iiif viewer powered by OpenSeadragon
247a - 248a