e-texts navigator
Collection
Volume
Page
Wylie

247a1 ཏེ། འོང་བས་གཟུགས་མཐོང་བ་ལ་སོགས་པ་འདོན་བྱས། འཁོར་བར་སྐྱོན་བསལ་ཏེ། དངོས་པར་བསྡུ་པ་འཛེས་པ་བཤགས། ལོག་པ་སྐྱོན་བཅོམ། མ་རིག་པའི་མུན་པ་བསལ། སྡུག་བསྔལ་གྱི་ཆུ
247a2 བཤིགས། འཁོར་བའི་འདམ་ནས་དྲངས། བྱང་ཆུབ་ཀྱི་ཤུལ་བསྲངས། དངོས་གྲུབ་ཀྱི་སྟོང་དུ་རུང་བར་མཛད། རིགས་ངེས་པའི་སྲས་སུ་མཛད། འོད་ཟེར་དེ་དག་སླར་རྡོ་རྗེ་སེམས་དཔའི་སྲ་ལ་འདུས། རྡོ་རྗེ་སེམས་དཔའི་སྒྲ་ཉིད་ཤིན་ཏུ་ལྷན
247a3 ནེ་བ། ལྷན་ནེ་བ་ཡང་མ་ཡིན་པ། ཤིན་ཏུ་སང་དེ་བ། སད་དེ་བ་ཡང་མ་ཡིན་པ། ཅི་ལྟ་བུར་ཡང་སྣོད་ལ། ཅི་ལྟ་བུར་ཡང་མ་ཡིན། ཐམས་ཅད་དུ་གསལ་བ། མ་བསྒྲུབས་པ་ཉི་མའི་འོད་དང་འདྲ་བ། དེ་ལྟ་བུའི་རྡོས་པ་ཅན་ཡང་མ་ཡིན
247a4 པ། ཐམས་ཅད་དུ་བལྟ་བས་མི་ངོམས་པ་ལ། བརྟགས་ཀྱིས་ཀྱང་མི་ལོངས་པའི་སྐུ་གཅིག་ཀྱང་གཅིག། བསམ་ཅིས་ཀྱང་མི་ཁྱབ། མཐར་ཐུག་པ་ཡང་མེད། དབུས་སུ་བརྟགས་པ་ཡང་མེད། དངོས་པོ་ཡང་མ་ཡིན། སྟོང་པ་ཡང་མ
247a5 ཡིན། ཡོད་པར་ཡང་མི་སྣང་། མེད་པར་ཡང་མ་སོང་། བཏུད་ནས་ཉེ་བར་མེད། བཀྱེད་ནས་རིང་བ་མེད་པས་ཐམས་ཅད་དུ་ལྷུན་གྱིས་ཐུབ་པ་ལ། འདི་ཞེས་བསྟེན་དུ་མེད་པ་ལ། ཅི་ལྟ་བུར་ཡང་དམིགས་སུ་མེད་པ། གང་ཡང་མ་ཚང་བ་མེད་པས
247a6 སྐུ་གསྔལ་བ་ལས། རྡོ་རྗེ་སེམས་དཔའི་ཆོས་ཀྱི་སྒྲར་གྱུར་ཏོ།། དེ་ནས་རྡོ་རྗེ་སེམས་དཔས་ལྗགས་ཀྱི་པདྨ་ལས། ཡིག་འབྲུ་བཞི་བཅུ་རྩ་གཉིས་ཁ་དོག་རྣམ་པ་སྣ་ཚོགས་པའི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས། སྟོང་གསུམ་གྱི་སྟོང་ཆེན་པོ
247a7 ལྟ་བུའི་གྲངས་མ་ཡིན། ཇི་ལྟར་ནམ་མཁའ་ནས་གང་དུ་ཁྱབ་པ་ཐམས་ཅད་གཟུགས་དང་སྒྲ་ལ་སོགས་པས་བསྡུས་ལ། དེ་ཐམས་ཅད་ཚིག་གི་བསྡུས། ཚིག་ཐམས་ཅད་ཡི་གེས་བསྡུས། ཡི་གེ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་ལུང་བསྟར།




iiif viewer powered by OpenSeadragon

246b - 247b

Texts on this page

Gdg008.12 - rnal 'byor nang gi tshogs rgyud chen po