e-texts navigator
Collection
Volume
Page
Wylie

246a1 སངས་རྒྱས་དང་འདྲ་བར་བལྟའོ།། རྒྱུད་འདི་ནི་རྣལ་འབྱོར་པ་གང་ཞིག་གས། འཆང་ཅིང་སྐྱོན་ནུས་ན་ཡང་། ཀུན་ཏུ་བཟང་པོ་ཉིད་དང་འདྲ་བས། འཁོར་མ་ལུས་པ་རྣམས་ཀྱིས་ཀྱང་། རྗེས་ཅི་བསྒོབ་མཉན་པར་བྱ།
246a2 དེ་ནས་རྡོ་རྗེ་སེམས་དཔས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆུད་འདིས་ནི། བདེ་བར་གཤེགས་པའི་དགོངས་སྤྱོད་ཐམས་ཅད་མ་ལུས་པར་བསྟན་ཏེ། གང་ཞིག་འདི་ལ་མོས་པ་དང་། འདི་བསྒོམས་ཤིང་སྒྲུབ་པ་ལ་དགའ་བ་རྣམས་ཀྱིས་འདི
246a3 ཉིད་ཀྱི་དོན་རྟོགས་ནས་སངས་རྒྱས་པར་གྱུར་ཅིག། གང་ཞིག་འདི་ལ་མི་མོས་ཤིང་སྒྲོ་སྐུར་འདེབས་པ་རྣམས་ནི། བསྐལ་པ་དཔག་གིས་མི་ལངས་པར། འདིའི་མིང་ཙམ་ཡང་མི་ཐོས་ཤིང་། མནར་མེད་པའི་དམྱལ་བ་ཆེན་པོར་སྐྱེ་བར་གྱུར་ཅིག། རྒྱུད
246a4 འདི་གད་ན་གནས་པ་དང་། ངར་ཞིང་སྤོགས་པའི་སར། བདག་ཉིད་ཆེན་པོ་འཁོར་མ་ལུས་པ་རྣམས་ཀྱིས་ཀྱང་། གཙུག་གི་ནོར་བུ་བཞིན་དུ་འདེབས་པར་གྱུར་ཅིག། ཅེས་སྤོད་པར་བྱའོ།། གཏོར་རྒྱུད་ཆེན་པོ་ལས། དམ་བཅས་པའི་ལེའུ་སྟེ་ཞེ་བཞི
246a5 པའོ།། ། དེ་སྐད་ཅེས་བཀའ་སྩལ་པ་དང་། རྡོ་རྗེ་སེམས་དཔའ་ལྔ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་གཏོང་མའི་རང་བཞིན་དུ་སངས་རྒྱས་པར་གྱུར་ཏོ།། གཏོང་རྒྱུད་ཆེན་པོ་རྫོགས་སོ།། །། མཇུག་སྤང
246a6 མན་ངག་བལྟ་བ་མདོར་བསྡུས། རྒྱ་གར་གྱི་མཁན་པོ་པདྨ་སཾ་བྷ་ཝ་དང་། བི་མ་ལ་མི་ཏྲ་དང་། ལོ་ཙཱ་བ་གནུབ་ནམ་མཁའི་སྙིང་པོས་བསྒྱུར། བྱིས་བལ་པོ་བ་སུ་དྷ་ར་དང་། གཟུབླ་སངས་རྒྱས་ཡེ་ཤེས་ཀྱི་ལུས་གཏུགས་སོ།། ། རྒྱ་བར་སྐད་དུ
246a7 ཡོ་གཱཉྫདྷརྠ་ཀ་ག་ཎ་མ་ཧཱ་ཏནྟཾ། བོད་སྐད་དུ། རྣལ་འབྱོར་ནང་གི་ཚོགས་ཆུད་ཆེན་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་སྲས་གཅིག་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། ཡུམ་གྱི་བྷ་ག་མཁའ་དཀྱི




iiif viewer powered by OpenSeadragon

245b - 246b

Texts on this page

Gdg008.11 - thugs rje chen po'i gtor ma dang/ sha khrag rus pa'i gtor rgyud chen po
Gdg008.12 - rnal 'byor nang gi tshogs rgyud chen po