e-texts navigator
Collection
Volume
Page
Wylie

245b1 མར་ལོངས་སྤྱོད་པའོ།། དེ་ནས་ལྷག་མའི་ཕྲིན་ལས་སུ་བྱ་བ་ནི།། དང་པོར་དངོས་པོ་དེ་ལས་ཆོས་ཉིད་དུ་དབྱིངས་གཅིག་ཅིང་། རྟོགས་པའི་གེགས་མེད་པར་བྱ་བ་ནི། ཚོགས་ཀྱི་ལྷག་མ་ལ་སྤྱི་སྡོམ་སྟེ། ཨོཾ་བཛྲ་རཎྜ་པདྨ་ཀརྨ་བུདྡྷ་བ་ལིན་ཏ་ཁ་ཁཱ་ཞེས་བརྗོད
245b2 ལནགང་ཡང་མི་གནས་པའི་ཕྲིན་ལས་བཅོལ་ལོ།། དེ་ནས་དངོས་པོ་དང་མཚན་མར་མི་གནས་པར་བྱ་བ་ནི། ཐམས་ཅད་སྟོང་པའི་རང་བཞིན་ལས་མ་གཏོགས་པ། རྟོག་པ་དང་མཚན་མ་གང་ཡང་མི་གནས་པར་ཚོགས་ཀྱི་གཏོར་མར་ལོངས་སྤྱོད་པས།
245b3 ཐམས་ཅད་ཆོས་ཉིད་དབྱིངས་ཀྱི་གཏོར་མར་སངས་རྒྱས་པར་བསྒོམ་པའོ།། གཏོར་ཆུད་ཆེན་པོ་ལས། ཟ་མའི་གཏོར་མའི་ལེའུ་སྟེ་བཞི་བཅུ་པའོ།། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས། ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།།
245b4 ཨེ་མ་ཧོ།། བཅོམ་ལྡན་འདས་དེ་ལྟ་བུའི་གཏོར་མ་འདི།། གཏོར་ཞིང་གང་ལ་གཏང་བ་ལགས། གཏེར་གང་དུ་བཞག་པ་ལགས། སྤྱད་ཅིང་བཙའ་བའི་ཐབས་ཅི་ལྟ་བུ་ལགས། ཡང་བཅོམ་ལྡན་འདས་ཀྱིས་ལུང་བསྟན་དུ་གསོལ།། བཅོམ་ལྡན་འདས་ཀྱིས
245b5 བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཆེན་པོ་ལུང་བསྟན་པ་འདི། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་བཤད་ལ། ངས་ཀྱང་བཤད་པར་བྱའོ།། གཏོར་མ་འདི་དག་གཏོར་ཞིང་གཏང་བར་བྱ་བ་ནི། འབྱུང་བ་ཆེན་པོ་ལྔ་ལ་གཏོར་ཞིང་གཏད་པར་བྱའོ།། ཏྲེ
245b6 ཅིའི་ཕྱིར་ཞེ་ན།། དེ་ནི་གཏོར་མ་ཐམས་ཅད་ཀྱི་རྒྱུ་ཡང་ཡིན་ལ། གཏོར་མའི་མགྲོན་གྱི་བཞུགས་གནས་ཀྱང་ཡིན་ལ། གཏོར་མའི་འབྲས་བུ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཀློང་ཡང་ཡིན་པས། གཏོར་མ་ནམ་མཁའ་ལ་གཏོང་བ་ནི། ནམ་མཁའི
245b7 སུ་ནམ་མཁའ་ལ་གཏོར་བའོ།། དེ་ཅིའི་ཕྱིར་ཞེ་ན། དེའི་ཆོས་ཏེ་བ་མེད་པའི་དབྱིངས་ཀྱིས་ཐམས་ཅད་ཤེས་ཤིང་གོ་འབྱེད་པའོ།། གཏོང་མས་ལ་གཏོང་བ་ནི། གང་ན་གནས་པའི་ས་ཕྱོགས་བཞི་དང་མཚམས་བརྒྱང་དུ་ཁྱབ་པར




iiif viewer powered by OpenSeadragon

245a - 246a

Texts on this page

Gdg008.11 - thugs rje chen po'i gtor ma dang/ sha khrag rus pa'i gtor rgyud chen po