| | e-texts navigator
|
243b1 ཡེ་ཤེས་ལས་ཀྱི་འབྲས་བུ་སྨིན།། རྩ་བའི་གཏོར་མའི་རང་བཞིན་དུ།། སངས་མ་རྒྱས་པ་གཅིག་ཀྱང་མེད།། མཐའ་ཡས་གནས་པའི་འགྲོ་ཀུན་གྱིས།། ཀུན་ཐོས་འདི་རྟོགས་གྲོལ་བར་ཤོག། ཅེས་བྱ་བའི་སྲ་བསྒྲགས་པས། ཅེ་སྟར་བྱས
243b2 ཐམས་ཅད་ཀུན།། གཏོར་མའི་སྡོད་དུ་རུང་བར་བྱིན་གྱིས་བརླབས་སོ།། དེ་སྐད་ཅེས་བྱ་བའི་སྒྲ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཅིས་ཐོས་པས། ཆགས་པ་དང་བྲལ་ནས། རྒྱུད་དང་ལུང་དང་ཡན་ངག་གི་སྣོད་དུ་རུང་ངོ་།། གཏོར་རྒྱུད་ཆེན
243b3 པོ་ལས། མན་ངག་གི་སྣོད་སྲོད་པའི་ཕྱིར།། ཡོན་འབུལ་བའི་ལེའུ་སྟེ་སོ་དབུ་པའོ།། ། དེ་ནས་རྣལ་འགྱོད་པ་རྣམས་ལ་ཕན་གདགས་པའི་ཕྱིར། ཟ་མའི་གཏོར་མཆེད་དུ་བརྗོད་དོ།། རྣལ་འབྱོར་ལུང་དང་ལྡན་རྣམས་ཀྱིས།
243b4 སྔགས་དང་ཕྱག་རྒྱར་ལྡན་བྱས་ནས།། མཆོད་པའི་ཚོགས་ཀྱི་ཁྱད་པར་ལས།། དགོངས་པའི་ཟ་གཏོར་གཏང་བར་བྱ།། དེ་ལ་རྣལ་འབྱོར་པ་མཐའ་དག་དུས་བཞི་དག་ཏུ་འདོད་པ་ལ་ལོངས་སྤྱོད་པར་བྱེད་དོ།། དེ་ཆོས་ཉིད་དུ་སྤྱོད་པར་ཤེས་ན་ཡང་གཏོ
243b5 རྣལ་འབྱོར་པ་ནི་དུས་ཐམས་ཅད་དུ་ཆོས་ལ་ལོངས་སྤྱོད་དོ།། དེའི་དགོངས་སྤྱོད་ཀྱ་དགཏོར་རྒྱུད་ཆེན་པོ་འདི་ལྟར་སྤྱོད་ན་ཡང་གཏོར་མའོ།། དེའི་ཕྱིར་ཟ་མ་ཐམས་ཅད་ནི་ཚོགས་ལ། དེ་བསྔོ་བ་དང་ལྡན་པ་ནི་གཏོར་མའོ།། དེ་ཅིའི་ཕྱིར་ཞེ་ན། དཔེར་ན
243b6 ཤིང་མཁན་ཐབས་ལ་མཁས་པས་ཤིང་ཐམས་ཅད་འཕྲུལ་དུ་བྱིན་གྱིས་བརླབས་པ་བཞིན། ཐབས་འདི་ལྟར་མཁས་པས་ཐམས་ཅད་ཅུ་གཏོར་མར་ལོངས་སྤྱོད་ཅིང་། གཏོར་མ་ལོངས་སྤྱོད་པ་ལས་མངོན་པར་རྫོགས་པར་སངས་རྒྱས་པར་བྱིན་གྱིས
243b7 རློབས་པའི་མཐུ་ཡོད་པའོ།། དེ་ལ་དང་པོ་ཟ་མའི་གཏོར་མའི་དགོངས་རྒྱུད་ནི། རྣམ་པ་བདུན་དང་ལྡན་པར་བྱ་བ་འམ། ཡང་ན་ལྔ་དང་ལྡན་པར་བྱ་བ་སྟེ། དེ་ཡང་གང་ཞེ་ན། དང་པོ་གཏོར་མའི་དགོས་པ་དང་། ཐེག་པ་ཆེན་པོར་ཀུན་ཚང་བའི
iiif viewer powered by OpenSeadragon
243a - 244a