| | e-texts navigator
|
242b1 ཡིན་ཏེ། རྒྱང་འདི་འབྱུང་བར་ཡང་དཀུན་ལ། ནུབ་པར་ཡང་མི་འགྱུར་བའི་དཔའ།། དེ་སྐན་ཅེས་བཀའ་སྩལ་པས། རྡོ་ནསེམས་དཔས་རླུང་འཛིན་ཅིང་རྡུང་དུ་འགྱུར་བར་བྱ་བའི་ཕྱིར། ཁྭ་དང་མ་། ང་ཡོངས་ཅད་ཀུན་ཏུ་བཟང་པོ་ལ་ཕུལ་བ།
242b2 གཏོར་ཆུད་ཆེན་པོ་ལས། རྒྱུད་ཀྱི་ཕན་ཡོན་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།། ། དེ་ནས་རྡོ་རྗེ་སེམས་དཔས་ཀུན་ཏུ་བཟང་པོའི་བཀའ་དེ་ཐོས་པས། ཤིན་ཏུ་འགྲོ་བ་རྣམས་ཆགས་ཤིང་གོལ་བར་གཟིགས་ནས། འགྲོ་བ་སེམས་ཅན
242b3 དག་པར་བྱ་བ་དང་། རྗུད་ཐོས་པར་བྱ་བ་དང་། མན་ངག་གཏིང་ཕྱིན་པར་བྱ་བ་དང་། ལུང་ནམ་དུ་ཡང་མི་རྔུབ་པར་བྱ་བ་དང་། བྱས་པའི་འབྲས་བུ་ཆུད་མི་ཟོས་པར་འགྲུབ་ངེས་པར་བྱ་བའི་ཕྱིར། འགྲོ་བ་ཡོངས་ལ་འདི་སྐད་ཅེས་བྱ་བའི་སྒྲ་བསྔག
242b4 སོ།། མི་འགྱུར་དབྱངས་སུ་གང་འདོད་པའི།། རྒྱལ་བའི་སྲས་པོ་ཀུན་ཡིན་པས།། རྒྱལ་བས་ཅི་ལྟར་གསུངས་པ་བཞིན།། བུ་མཆོག་རྣམས་ཀྱིས་མཉན་པར་གྱིས།། འཁོར་བ་མེད་པར་བྱ་བའི་ཕྱིར།། ཕ་མ་སྤུན་དང་མིང་སྲིད་དང་།། བདག
242b5 དྲང་རྒྱལ་སྲིད་བུ་དང་གྲོགས།། བླ་མ་ལ་ནི་བྲན་དུ་འབུལ།། དེ་ཚེ་བླ་མ་མ་བཞེད་ན།། ཅི་རི་བ་ཡི་རིན་གྱིས་བླུ།། རྒྱུད་ཆེན་ཐོས་པར་དེ་གྱུར་ན།། གཟོད་ཅིག་འཁོར་བ་མྱ་ངན་མེད།། ཆགས་པ་མེད་པར་བྱ་བའི་ཕྱིར།། གསེར་དངུལ་ལ་སོགས།
242b6 རིན་ཆེན་ལྔ།། སྤུག་ལ་སོགས་པའང་དེ་བཞིན་དུ།། གླང་པོ་ལ་སོགས་རྟ་རྣམས་དང་།། དར་དང་ལྷབ་ལྦུ་བ་ནི་བཟའ་དང་།། ཞལ་ཟས་ལ་སོགས་ཚོགས་རྣམས་ཀྱིས།། བླ་མ་མཉེས་པར་ཀུན་ཕུལ་ནས།། ཞུ་བ་དག་ནི་ཚུལ་བཞིན་བྱ།། གསོལ
242b7 བཏབ་གནང་བ་ཐོབ་བྱས་ནས།། གཟོད་ཅིག་སངས་རྒྱས་སེམས་ཅན་མེད།། གནས་པ་མེད་པར་བྱ་བ་དང་།། འཆི་བ་མེད་པར་བྱ་བའི་ཕྱིར།། གནས་དང་ཡུལ་དང་ཞིང་རྣམས་དང་།། བྲན་དང་གཉེན་ལ་སོགས་པ་རྣམས།། དད་པས་དམིགས།
iiif viewer powered by OpenSeadragon
242a - 243a