e-texts navigator
Collection
Volume
Page
Wylie

242a1 ན་ས
242a2 གསུམ་འཁོར་བའི་སྡུག་བསྔས་ལས་རྣམས་ཀྱང་ཐར་པར་མི་འགྱུར་རོ།། སེམས་དཔའ་ཆེན་པོ། རྒྱུད་འདི་ཐུགས་རྗེ་ཆེ་ཡང་ཆེ་ལ་ཆུང་ཡང་དྲུང་།། དེ་ཅིའི་ཕྱིར་ཞིན་སྔོན་གྱི་ལས་ཥདྲོ་དང་ལྡན་པས་རྒྱུད་འདིའི་ཞལ་མཐོང་ཞང་ཐོས་པར
242a3 འགྱུར་ལ། ལས་འཕྲོ་དང་མི་ལྡན་པས་རྒྱུད་འདིའི་ཞལ་མི་མཐོང་ཞིང་སྐལ་བ་དང་མི་ལྡན་པའི་དོན་ནོ།། སེམས་དཔའ་ཆེན་པོ། རྒྱུད་འདིས་ནི་ཁྱད་ཀྱང་ཁྱབ་པ་མ་ཁྲང་བྱུང་མ་ཁྱབ་བོ།། དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་འདི་ལས་བྱུང་ཞིང
242a4 འདིར་འདུས་པས་ཁྱབ་ལ། དེ་ལྟར་ཁྱབ་ཀྱང་དེ་ལྟར་ཤེས་ཤིང་རྟོགས་པར་དཀའ་བསེ་མ་ཁྱབ་བོ།། སེམས་དཔའ་ཆེན་པོ། རྒྱུ་དེ་འདི་ནི་ཡོད་བྱུང་ཡོད་ལ་མེད་ཀྱང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རྟོགས་པའི་ཀློང་ཡོད་ན་གོ་བའི་ཡུལ་ན་ཡོད
242a5 ལ། མ་རིག་པ་དང་སྒོ་སྲུར་ཅན་ན་མེད་དོ།། སེམས་དཔའ་ཆེན་པོ། རྒྱུད་འདི་གནས་ཀྱང་གནས་ལ། མི་གནས་ཀྱང་མི་གནས་ལ།། དེ་ཅིའི་ཕྱིར་ཞེ་ན། དམ་ཚིག་ལ་གནས་པའི་རྒྱལ་བའི་སྲས་པོ་ལ་ཚིག་དང་ཡི་གེར་བྲིས་ཏེ་གནས་ལ
242a6 དམ་ལ་མི་གནས་ཤིང་ཕྱོགས་ཆད་བྱེད་པ་ལ་ནམ་ཡང་གནས་པར་མི་འགྱུར་རོ།། སེམས་དཔའ་ཆེན་པོ། རྒྱུད་འདི་ནི་འཇིག་རྟེན་གྱི་ཁམས་སུ་གྲགས་ཀྱང་གྲགས་ལ། མ་གྲགས་ཀྱང་མ་གྲགས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས
242a7 ཅད་ཀྱི་རྩ་བར་གྱུར་པས་གྲགས་ལ། དཔེར་ན་སེང་གེའི་འོ་མ་དང་འདྲ་བར་ཀུན་གྱིས་མི་ཐེག་ཅིང་སྣོད་དང་ལྡན་པ་གཅིག་འགའ་ལ་སྲེད་པའི་ཕྱིར་རོ།། དེ་ལྟ་བུའི་དོན་ཀྱང་རྩ་བའི་གཏོར་མ་དཀོན་ཞིང་རིན་ཆེ་བ་སྟེ། རིན་ཐར་དཔག་ཏུ་མེད་པའི་ཕན




iiif viewer powered by OpenSeadragon

241b - 242b

Texts on this page

Gdg008.11 - thugs rje chen po'i gtor ma dang/ sha khrag rus pa'i gtor rgyud chen po