e-texts navigator
Collection
Volume
Page
Wylie

193a1 ཙམ་ཉིད་ལས། ཨ་ཨཱ་སྭཱ་ཧཱ་ལྔ་ལས། རྣམ་པར་ཤེས་པའི་ཚོགས་ཀྱིས་བསྡུས་པ་ཐམས་ཅད་རྡོ་རྗེའི་རིགས་ཀྱི་གཏོར་མ་འགྱུར་ཏོ།། གཟུགས་ཀྱི་ཕུང་འོས་བསྡུས་པ་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་ཀྱི་གཏོར་མར་གྱུར་ཏོ།། ཚོར་བར་སྣང་བ་ཐམས་ཅད་རིན
193a2 པོ་ཆེ་རིགས་ཀྱི་གཏོར་མར་གྱུར་ཏོ།། འདུ་ཤེས་ཀྱིས་བསྡུས་པ་ཐམས་ཅད་པདྨའི་རིགས་ཀྱི་གཏོར་མར་གྱུར་ཏོ།། འདུ་བྱེད་ཀྱིས་བསྡུས་པ་ཐམས་ཅད་ལས་ཀྱི་རིགས་ཀྱི་གཏོར་མར་གྱུར་ཏོ།། དེ་ཡང་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་བརྒྱད་དེ། མིག་གི་རྣམ་པར་ཤེས་པ་ནི། སྡུག་ཅིང་མཛེས
193a3 པས་གཟུགས་སྡུག་པ་དང་། མི་སྡུག་པ་དང་། གཉིས་ཀ་མ་ཡིན་པ་དང་། དཀར་བ་དང་། དམར་བ་དང་། སེ་ར་བ་དང་། ལྡང་བ་ལ་སོགས་ཏེ། མེ་ཏོག་སྣ་ཚོགས་པའི་གཏོང་མ་ར་སྤྲུལ་ཏེ། དེས་ཀྱང་དོན་བྱ་བ་དང་། མཆོད་པ་དང་། ཐུགས་དམ་བསྐུལ་བ་དང་། ཚིམ་པ་དང་དངོས་གྲུབ་སྩོལ་བ
193a4 ལ་སོགས་པའི་རྒྱུ་དང་རྐྱེན་དུ་གྱུར་ཏེ། དེས་ཀྱང་ཆོས་ཉིད་ལ་ཆོས་ཉིད་རྡོལ་པ་དང་། གཉིས་སུ་མེད་པ་དང་། གདོད་ནས་དག་པ་དང་། སངས་རྒྱས་ཤིང་གཏོར་བར་གྱུར་ཏོ།། དེ་ཡང་རྣམས་ཤིང་ཐུགས་རྗེ་ཆེ་ལ་ཡོངས་ལ་ཁྱབས་པས་གཏོར་མར་གྱུར་ཏོ།། སྣའི་རྣམ་པར་ཤེས་པ་ནི། ཚེམས་པར་བྱེད་པས
193a5 དྲི་ཞིམ་པ་དང་། མི་ཞིམ་པ་དང་། གཉིས་ཀ་མ་ཡིན་པ་དང་། སྤོས་དང་། བདུག་པ་དང་། སྨན་གྱི་དྲི་དང་། ཞལ་ཟས་ཀྱི་དྲི་ལ་སོགས་པ་སྤོས་སྣ་ཚོགས་ཀྱི་གཏོར་མ་རྟུལ་ཏེ།། དེས་ཀྱང་དོན་བྱ་བ་དང་། མཆོད་པ་དང་། ཐུགས་དམ་སྲུལ་བ་དང་། སྒྲིབ་པ་སྤོང་བ་དང་།། དངོས་གྲུབ་སྩོལ་བ་ལ་སོགས
193a6 པའི་རྒྱུ་དང་རྐྱེན་དུ་གྱུར་ཏེ། དེས་ཀྱང་ཆོས་ཉིད་ལ་ཆོས་ཉིད་རོལ་པ་དང་། ཡེ་ཤེས་ལ་ཡེ་ཤེས་རོལ་པ་དང་། གཉིས་སུ་མེད་པ་དང་། གདོད་ནས་དག་པ་དང་། རྗེས་སུ་སྣང་བ་སྟེ། ཐམས་ཅད་དུ་སངས་རྒྱས་ཤིང་གཏོར་མར་གྱུར་ཏོ།། དེས་ཀྱང་བྱམས་ཤིང་ཐུགས་རྗེ་ཆེན་པོས་ཡོང
193a7 ལ་ཁྱབ་པས་གཏོར་མར་གྱུར་ཏོ།། ཀྱེའི་རྣམ་པར་ཤེས་པ་ནི། མྱོང་བར་བྱེད་པས་བྲོ་བ་དང་། མི་དྲོ་བ་དང་། གཉིས་ཀ་མ་ཡིན་པ་དང་། ཁབ་དང་། མེང་ར་བ་དང་། སྦྲེང་བ་དང་། རྩུབ་པ་དང་། ལན་མོ་རོ་ལ་སོགས་པ་བཤོས་སྣ་ཚོགས་ཀྱི་གཏོར་མར་སྤྲུལ་ཏེ། དེས་ཀྱང་ངན




iiif viewer powered by OpenSeadragon

192b - 193b

Texts on this page

Gdg008.11 - thugs rje chen po'i gtor ma dang/ sha khrag rus pa'i gtor rgyud chen po