e-texts navigator
Collection
Volume
Page
Wylie

192b1 དགོངས་པའི་མཛད་སྤྱོད་གྲོལ་བས་དངོས་གྲུབ་རྒྱུ།། ལུང་དང་རིག་པ་གཏན་ཚིགས་ཀུན་དང་འབྲེལ།། བཀའ་དང་བསྟན་ཏེ་དབྱེ་གསལ་འདི་བརྩམས་པ།། བདག་འདྲ་དམིན་པས་དབྱེ་བར་མི་འོས་ཀྱང་།། སཱ་ལུའི་འཕྲོད་བཞིན་དུ་ནི་སྒྲོན་སྣང་བས།། རྨོངས་པའི་མུན་སེལ་འགྲོ་བའི་དོན་བྱས
192b2 པས།། བཤེས་མཆོག་དུས་གསུམ་འགྲོ་བ་མ་ལུས་རྣམས།། སྐྱོན་བརྗོད་ཉེས་པའི་ཟེ་ར་རྫིས་མི་འཕོག་ཅིང་།། ཉོན་མོངས་སྨད་ང་གྲུབ་པའི་ཆུང་རྟོགས་པས།། བསྟན་མྱེད་ཀྱི་དོན་ལ་འཇུག་གྱུར་ཅིག། གཉིས་མེད་འབྲས་བུ་བླ་མདོ་འགྲུབ་པར་ཤོག། ལུང་ཐམས་ཅད་ཀྱི་རྒྱལ་པོ། མན
192b3 དག་ཐམས་ཅད་ཀྱི་རྩ་བ། རིགས་འོས་བཤད་འཐད་གཏན་ཚིགས་ཐམས་ཅད་ཀྱི་ཚོད་མའི་འགྲེལ་པ། ལྷ་རྒྱུད་ཀྱི་རྟོག་པ་ཆེན་པོ་རྫོགས་སོ།། ། རྒྱ་གར་སྐད་དུ། མ་ཧཱ་ཀཱ་རུ་དྷཱུ་བ་ལི་ཤྩ་མཱཾ་ས་རཀྵ་སྟི་མ་ཧཱ་བ་ལི་སྠཱནྟ། བོད་སྐད་དུ། ཐུགས་རྗེ་ཆེན་པོའི་གཏོར་མ་དང་། ད་ཁྲག་རུ
192b4 གཏོར་རྒྱུད་ཆེན་པོ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བླ་ན་མེད་པའི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཤེས་ནས་བཤད་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རང་རིག་པའི་ཀློང་ན་བཞུགས་པ་ལ། དེ་ཉིད་ཀྱི་ཁྱད་པར་ལས། དེ་ཉིད་དང་གཉིས་སུ
192b5 མེད་པའི་ཡུམ་དེས་འདི་སྐད་བསྐུལ་ལོ།། ཨ་ཀྐ་ཧོ།། དང་པོ་སྐྱེ་མེད་ཆོས་རྣམས་ཡུམ་གྱི་དང་།། མ་བྱུང་མ་སྐྱེས་སེམས་ཉིད་སྐྱེ་བ་མེད།། སྐྱེ་བ་མེད་པའི་སེམས་ཉིད་དག་པ་ལས།། འཁོར་བ་ངན་སོང་ཡེ་ནས་མེད་པ་ལ།། བརྟགས་པས་འཁྲུལ་པའི་རྫས་སུ་སྣང་བ་ཀུན།། ཐུགས་རྗེ་ཆེན
192b6 སྦྱང་བའི་དུས་ལ་བ་བ།། ངོ་མཚར་ཆེ་བའི་ལྷ་ལ་ཕྱག་འཚལ་བསྐྱོད།། ཅེས་གླེང་བསླངས་པ་དང་། ཡབ་ཀྵིས་ཡུམ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཨ་རྒེ་ཧོ།། མེ་བཅོས་ཡེ་ས་ཀྱིས་དག་པའི་ཞིང་ཁམས་སུ།། ཐམས་ཅད་གཉིས་མེད་རྒྱལ་བའི་སངས་རྒྱས་བཞུགས།། དེ་ཚེ་ལོག་སྟོག
192b7 མཚན་མ་མིང་ཡང་མེད།། སྟོང་པ་ཉིད་ལས་སྟོང་པའི་རང་བཞིན་གནས།། སྟོང་ཉིད་བརྟགས་པས་སྟོང་ཉིད་རང་བཞིན་བདེ།། ནི་སྐྱེའི་ཆོས་ལས་ཆོས་རྣམས་ཐམས་ཅད་འབྱུང་།། ཆོས་ཉིད་ལོངས་སྤྱོད་རྒྱན་དུ་གཅིག་པར་བྱོས།། ཞེས་མེད་དུ་བརྗོད་དོ།། དེ་ནས་སུས་ཀྱང་མ་བརྗོད་པའི་རང




iiif viewer powered by OpenSeadragon

192a - 193a

Texts on this page

Gdg008.10 - khro bo lha rgyud chen mo
Gdg008.11 - thugs rje chen po'i gtor ma dang/ sha khrag rus pa'i gtor rgyud chen po