| | e-texts navigator
|
189b1 མྱོས་པ་འོ།། བཏ་པའི་ཆོས་བསྒྲགས་ལག་བརྒྱམ་སུ་པ་ཡིས།། ཐབས་ཀྱིས་སས་བྱེད་པ་མན་སུ་ཀ། གསུམ་འདུས་གཟང་བ་རེག་པར་གྱུར་པན།། ཕྲིན་ལས་བྱེ་བྲག་པ་མད་ཀྱང་།། དྲུག་ཏུ་བན་པ་ས་སྐྱེས་དཀྱིས་སུ་ཐོང་།། དེབྱེར་མ་ཐོད་དྲ་ཁྱོད་ནས
189b2 འཁོར་བའི་རྡོ་རྗེ་བརྗོད་པས་མྱ་ངན་འདས།། ཆོས་སྒྲ་རྡོ་རྗེས་གཅོད་པས་མཐའ་གཉིས་སྤངས།། བརྗོད་མེད་བརྗོད་བྲལ་དོན་གྱི་ཚིག་དང་བྲལ།། དེ་ཕྱིར་བརྗོད་མེད་བཛྲ་ལ་ཀྵྨཱི་ཎྜེ།། ཆོས་ཉིད་རྡོ་རྗེས་མཚན་མའི་དངོས་པོ་བཤིག། ཡེ་ཤེས་རྡོ་རྗེས་གཟུང་འཛིན་རྟོག་པ་བསྲེ
189b3 ཕྱག་མཚན་རྡོ་རྗེས་གནས་པའི་སྐུ་བདུད་བཅོམ།། དེ་ཕྱིར་འཇོམས་བྱེད་བཛྲ་བྷེ་ཏ་བ།། འཆི་མེད་བདུད་རྩིས་ཡུལ་སེམས་སྐྱེ་འགུག་མེད།། གྲུབ་པའི་བདུད་རྩིས་བསམ་པའི་འབྲས་བུ་ཐོང་།། ཐུགས་རྗེས་འགྲོ་བས་བདུད་རྫི་བླ་མེད་འགྲུབ།། དེ་པྱིར་རྩི་མཆོག་ཡེ་ཤེས་བརྡ
189b4 ཨམྲྀ་ཏ།། ཡེ་ཤེས་འཕྲོག་བྱེད་ཡོན་ཏན་རྒྱ་མཚོ་འགྲུབ།། ཐུགས་རྗེས་འཕྲོག་བྱེད་སྲིད་པ་དབང་དུ་སྐྱེད།། ཡེ་ཤེས་ཐུགས་རྗེས་གཉིས་མེད་དབྱིངས་སུ་ནུག།། དེ་ཕྱིར་དྲུག་བྱེད་བཛྲ་མ་ཎཱི།། ད་ནི་པདྨ་དབང་ཆེན་དང་། དབང་ཕྱུག་མའི་རྩ་ཀླུང་བརྗོད་པར་བྱའོ།། @
189b5 ལྔའི་སྤྱན་གྱིས་རྒྱུད་ལྔའི་མི་དགེ་བཅུ།། ཡེ་ཤེས་ལྔ་པོ་སོ་སོས་ཅི་འདུལ་མཁྱེན།། སྙན་བཅུས་མི་དགེ་བཅུ་ཡི་སྡུག་བསྔལ་སེལ།། ཤངས་ལྔ་ནས་བྱུང་རིགས་ལྔའི་སྤྲུལ་པ་འརྐོ།། རྒྱུང་ལྔའི་མགོན་མཛོད་བརྩོན་ལྡན་ཏེ་དབུ་ལྔ།། འུཧཱུ~ཾ་ལྔ་ཞལ་དྲྀ་ཤཱར་ཏེ་རྔུབ་མཛད་ཅིང་།
189b6 ལྗགས་ལྔ་ཐེ་ཚོམ་གཅོད་ཅིང་ཐེག་ལྔ་འཆད།། སྡེ་བཞི་ལས་བཞིས་སྒྲོལ་མཛད་གཤོག་གཞི་སྟོད།། བཅུ་དྲུག་དམྱལ་ཁམས་བཅུ་དྲུག་ཕྱག་གིས་འདྲེད།། ཕྱོགས་བརྒྱད་འདུལ་གྱི་ཞབས་བརྒྱད་ཁྲོ་ཆུང་གནོན།། རིགས་པ་ནི་སྣོད་བཅུད་ཉི་ཟླའི་འོད་དང་རྫིས།། ཕྱོགས
189b7 བཞི་རྩ་ལ་ཇུག་དབང་ཕྱུག་ཡང་ཆེ་ག་ནོན།། ཆེ་བའི་ཆེ་བ་ཡང་ཆེ་བླ་ན་མེད།། བཅུ་དྲུག་ཞག་གིས་ཟླ་དཀྱིལ་རྫོགས་པ་ལྟར།། ཚོགས་གཉིས་རྫོགས་པ་བཅུ་རྡུགས་ལ་བཞུགས།། ཕྱོགས་བཞི་དབུས་ལྔར་འབར་ལྟར་རིགས་ལྔའི་དེའ།
iiif viewer powered by OpenSeadragon
189a - 190a