e-texts navigator
Collection
Volume
Page
Wylie

188b1 མ་ཧཱ་པ་ལ་མཉེས་མཛད་ཙུན་དཱམ།། བསྟོད་པའི་ཡེ་ཤེས་ས་རྣམས་དུས་གཅིག་གཅོད།། ཐུགས་རྡོའི་ཤུགས་ཀྱིས་འགྲོ་རྣམས་གནས་ནས་སྦྱོར།། ཐབས་དང་ཤེས་རབ་བསྐྱོད་པས་མཐའ་གཉིས་སྤངས།། དཱི་བ་ཡ་ཏིས་ཁམས་གསུམ་དྷུ་མཛད་མཉེས།། ཁམས་གསུ
188b2 ཤུགས་རྗེའི་མི་བཟོད་ཕྲིན་ལས་ཀྱིས།། ཡལ་བར་མི་འདོར་བརྩོན་འགྲུས་ཤུགས་ཀྱིས་བརྟུལ།། གདོད་ནས་དོན་མཛད་འཁོར་བ་མཐར་གཏུག་སྒྲོལ།། དེ་ཕྱིར་དཔའ་བརྟུལ་ཟ་བྱེད་བྱ་གྷྲ~ཾ་མ།། སྡང་མིག་ཐུགས་རྗེས་མི་འགྱུར་ཞེ་ལ་གནོན།། མཐུ་རྩ་འཇོམ་བརྗིད་འགྱུར་མེད་བདུད
188b3 དཔུང་བཟློག། ཚམ་རྔམས་རལ་གསིག་གདངས་ངར་འཇིག་རྟེན་འགེངས།། དེ་ཕྱིར་སྐྲ་མེན་འགྱུར་མེད་ཙ་མར།། རྟོག་པའི་སྒྲ་སྤངས་དྲན་པའི་དགོན་པར་གནས།། འཁྲུལ་སྐྱོན་དྲི་མ་ཤེས་བཞིན་རྗེས་ཚོར་སྤངས།། འགྲོ་དོན་དུས་ལ་བབ་ལ་ཐུགས་རྗེ་འཇུག། རེ་ཕྱིར་འཇུག
188b4 པར་བྱེད་པའི་ཧ་རི་ཎ།། ཆོས་དབྱིངས་གནས་ལ་རྟོག་པའི་སྐྱོན་སེལ་ཞིང་།། ཐུགས་རྗེས་སྤྲུལ་བས་སྒྲ་རིས་བསམ་མི་ཁྱབ།། དུག་གསུམ་འཇོམས་མཛད་ཤ་རུས་ཁྲག་ལ་རོལ།། སེལ་བྱེད་སྤྲུལ་པས་དོན་མཛད་བྱ་གྷྲྀ་མ།། ཡང་བག་ཟོན་ཆགས་འགྲོ་དོན་ཐབས་མཁས་ལྡན།།
188b5 དུལ་ཟིན་ཐུབ་བཏང་སྙོམས་ཆེན་པོར་བཞུགས།། དུས་ལས་མི་འདའ་བརྩོན་འགྲུས་ཤུགས་དང་ལྡན།། དེ་ཕྱིར་མཁས་བརྩོན་མཛད་པའི་བི་ཌཱ་ལ། ཡེ་ཤེས་དབྱིངས་ལ་འཇུག་པས་ཤེས་བྱ་ཟ།། ཐུགས་རྗེས་ཡེ་ཤེས་ཕྲིན་ལས་འཁོར་བ་ཟ།། དེ་ཕྱིར་ཟ་བྱེད་ཤྭ་ན་མུ་ཁ་མ།།
188b6 རིགས་བཙུན་གཉེན་པོར་གྱུར་པས་ཐམས་ཅད་འདུལ།། ཕྲིན་ལས་རྩལ་གྱིས་བདུད་དཔུང་མ་ལུས་འཇོམས།། སྟོང་ཉིད་སྒྲ་སྒྲོགས་མུ་སྟེགས་ཝ་ཚོགས་འཇོམས།། དེ་ཕྱིར་འཇོམས་ཁྱེད་རྩལ་མཆོག་སི་དྷ་མ།། དབྱིངས་ལ་ཡེ་ཤེས་ཉལ་ཞིང་ཐུགས་རྗེས་རྨོ།། མཐིང་ནག་ཆེན
188b7 པོར་དྲག་པོའི་སྐུར་སྟོན་ཅིང་།། ཐུགས་མཆོག་རྣམ་དག་ཆོས་ཉིད་དབྱིངས་སུ་མཁྱེན།། དེ་ཕྱིར་རྨི་བྱེད་ཕྲ་མེན་ད~ཾཀྵ་ཀ། ཡེ་ཤེས་ཐུགས་རྗེའི་སྟོབས་ཀྱིས་མཐའ་གནོན་ཏེ།། ཚམ་རྔམས་རལ་གསིག་སྤྲུལ་པས་བདུད་དཔུང་འཇོམས།། ལས་སུ་ཅི་མཛད་བརྩོན་འགྲུས




iiif viewer powered by OpenSeadragon

188a - 189a

Texts on this page

Gdg008.10 - khro bo lha rgyud chen mo