e-texts navigator
Collection
Volume
Page
Wylie

187b1 ལས་སྒྲ་གསུམ་ཕྲིན་ལས་འབྱུང་།། སྤྱོད་པ་རྣམ་དག་སྨོན་ལམ་སྟོབས་ཀྱིས་གཤེགས།། རལ་གཅི་གསུགས་པས་འགྲོ་དོན་རྩེ་ཞིང་རོལ།། བཅོ་བརྒྱད་སྟོང་པས་མཉེས་མཛད་དོ་རྣམ།། བརྗིད་པའི་སྟོབས་ཀྱིས་ཀླུ་རྣམས་ཟིལ་གྱིས་གནོན།། ཕྲ་འི་བྱོད་སྲུང
187b2 ངག་གི་དབང་ཕྱུག་ཆེ།། འབད་པ་མེད་པའི་བརྩོན་འགྲུས་ཤུགས་དང་ལྡན།། ཆོས་ལ་དབང་མཛད་ཧ་ཡ་གྲཱི་བའི་དཔལ།། འཛིན་ཚུལ་སྟོབས་ཀྱིས་དྲང་སྲོང་ཚར་གརྩོད་ཅིང་།། ལོག་པའི་ཉེས་སྤངས་ཡང་དག་དོན་དང་ལྡན།། ཚུལ་ཁྲིམས་མཐར་བྱིན་དྲང་སྲོང་ཀཽ
187b3 པས་ཆེ།། སྐྱེ་ལ་དབང་མཛད་པན་ཚུལ་མི་གཡོ་མགོན།། ཤུགས་འཆང་སྟོབས་གྱིས་རླུང་ལྷ་གཟིར་གནོན་ཅི་།། འཁྱལ་བའི་སྐྱོན་སྤངས་དག་གི་དབང་ཕྱུག་ཆེ།། གཉེན་པོའི་སྨོན་ལམ་མཐར་ཕྱིན་བདུད་འདུལ་ཐུགས་རྗེའི་རྩི།། ལས་ལ་རའང་མཛད་བདུད་རྩི་ས+འུཎྜ་ལེ།
187b4 གནོན་པའི་སྟོབས་ཀྱིས་འབྱུང་པོ་ཚོར་གཙད་ཅིང་།། གནོད་སེམས་སྐྱོན་སྲུངས་ཐུགས་ཀྱི་དབང་ཕྱུག་ཆེ།། གཉེན་པོའི་སྟོབས་ཀྱིས་མི་མཐུན་གནོན་མཛད་ཅིང་།། རྫུ་འཕྲུལ་དབང་མཛད་འཇིགས་བྱེད་སྟོབས་པོ་ཆེ།། བརྡེག་པའི་སྟོབས་ཀྱིས་སྲིན་པོ་ཚར་གཅོད་ཅིང་།
187b5 བདེན་དང་བྲལ་བའི་རྫུན་དང་སྐྱོན་སེལ་བའི།། མཚན་མའི་ཐབས་ཀྱིས་མཚན་མ་ཀུན་འདུལ་བ།། ཡེ་ཤེས་དབང་མཛད་དབྱུག་པ་སྔོན་པོ་ཅན།། ལྡེག་པའི་སྟོབས་ཀྱིས་ས་བདག་ཚར་གཅོད་ཅིང་།། བརྣབ་སེམས་སྐྱོན་སྤངས་ཐུགས་ཀྱི་དབང་ཕྱུག་ཆེ།། བཟོད་པ
187b6 ས་གཞི་ལྟ་བུའི་གཞིར་གྱུར་ལ།། སྨོན་ལམ་དབང་མཛད་འདམ་སྐྱེས་ཀུཎྜ་ལི།། རོལ་པའི་སྟོབས་ཀྱིས་གཟའ་སྐར་ཚར་གཅོད་ཅིང་།། འདོད་ཆགས་སྐྱོན་སྤངས་སུ་ཡི་དབང་ཕྱུག་ཆེ།། ཡེ་ཤེས་མཐར་ཕྱིན་ཉི་ཟླའི་འོད་བཞིན་གསལ།། སྐྱེ་ཞིང་མོས་ལ་དབང་མཛད
187b7 ཧཱུཾཀྵར།། ཟློག་པའི་སྟོབས་ཀྱིས་ལྷ་རྣམས་ཅར་གཅོད་ཅིང་།། མ་ཁྱེན་ལེན་པའི་སྤྱོད་སྤངས་བདག་ཉིད་ཅེ།། རབ་ཏུ་ཤེས་པའི་ཤེས་རབ་པཐར་བྱིན་པོ།། མ་བྱེད་དབང་མཛོད་གཞན་གྱིས་ཀྱི་ཐུ་རྒྱ།། འཇིགས་བྱེད་སྟོབས་ཀྱིས་འཚོ་བདག་ཟི་ལགནོན་ཅིང་།




iiif viewer powered by OpenSeadragon

187a - 188a

Texts on this page

Gdg008.10 - khro bo lha rgyud chen mo