| | e-texts navigator
|
186b1 ནམ་དཀླགས་མཛད་དྷས་ཏེ། ཆགས་པའི་ཚུལ་གྱིས་རོ་མཛད་སྡེ་ཤ་ཅན།། མ་ནིང་རྒྱུད་འཕེལ་གཟུང་འཛིན་བྲལ་བའི་རྟགས།། མཐའ་གཉིས་མསྤང་ས་རྣམ་པར་གཡེངས་བྲལ་གཟིགས།། འབྲང་མ་སྟོང་གསུམ་བྱ་མྱེད་ཙཙྪ་ཡཱཾ།། ཐམས་ཅད་འབྱུང་བ་ཇམ།
186b2 གྱུར་མ་ཚོགས་མ།། ཀུན་གྱི་ལས་མཛད་ཆོས་སྐྲ་སྙིང་པོ་འཛིན།། ཀུན་ལ་རོལ་པས་འཇིགས་ཚུལ་ཀུན་དང་ལྡན།། ཐུགས་རྗེས་འཇིག་རྟེན་སྒྲོལ་མཛད་སྭ་ཤ་ནཱི།། འཇོམས་བྱེད་རྩལ་མཆོག་རྡོ་རྗེ་ཐུགས་ཀྱི་ཡུམ།། གཉེན་པོའི་སྟོབས་ཀྱིས་ཐམས་ཅད་ཟིལ་གྱིས་གནོན།
186b3 ཤེས་རབ་ཐབས་ལྡན་སྐུ་གསུམ་བདག་གཞན་དོ་ནི།། སྡུག་བསྔལ་ཞེ་སྡང་གསོད་བྱེད་སེདྷ་མ།། དཔའ་བརྟུལ་ཟ་བྱེད་ཡེ་ཤེས་ཐུགས་རྗེའི་ལས།། བརྩོན་འགྲུས་མྱུར་བའི་ཤུགས་འཆང་འགྲོ་དོན་མཛད།། ཐུགས་རྗེ་རྩེ་གཅིག་ཡེ་ཤེས་སོ་སོར་གཟིགས།། དགྲལ་འཆི
186b4 བདག་འཇོམས་མཛད་པཱ་བྷཱི་མ།། འཇོམས་བྱེད་དམ་ཚིག་རྣམ་དག་གསུང་གི་ཡུམ།། ཐབས་མཁས་སྤྱོད་པས་བདག་དང་གཞན་དོན་མཛད།། དོན་གྱི་ཆོས་སྐུ་ཏིང་འཛིན་ལྗགས་ལ་བསྟར།། འདོད་ཆགས་དུར་ཁྲོད་བགེགས་འཇོམས་སྲིང་གཱ་ལ།། མི་འབྱེད་སྤྱོད་པས་ལས
186b5 མཆོག་རིགས་ཀྱི་ལུམ།། གཡེང་བའི་ཕྲིན་ལས་འགྲོ་ལ་ཐུགས་རྗེས་བསྲུང་།། ཆོས་ཉིད་སྐུ་ལ་ཡེ་ཤེས་སྤྱན་གྱིས་གཟིགས།། ཕྲག་དོག་ལས་ཀུན་འགྲུབ་བྱེད་ཤྭ་ན་མ།། ཡིད་ཀྱི་ཡེ་ཤེས་སོ་སོ་དཀུན་རྟོགས་ལ།། རྣམ་ཤེས་ཀྱིས་གསོད་འགོངས་འབྲེལ་ཚུལ་ཁྲིམས
186b6 བསྲུང་།། འཁོར་བའི་རྒྱུད་འཛིན་རྒྱན་གཅོད་སྤུ་གྲི་འཛིན།། མགྱོགས་པས་སྟེག་བྱེད་ཁྲག་འཐུང་གྲྀ་དྷ་མ།། རྣམ་ཤེས་མཉམ་ཉིད་ཡིད་འཕྲོག་མཚན་མ་འཇོམས།། བསད་པའི་གོང་རྣམས་སྦྱིན་པའི་ཕ་རོལ་ཕྱིན།། མཐའ་འདས་ཆོས་སྤུས་གཟུང་འཇིག་སྤོང་ཚུལ
186b7 འཛིན།། འགྲོ་བའི་སྡུག་བསྔལ་ཆོ་འཕྲོག་ཀནམ།། བསླང་པས་མི་འགྱུར་བཀྲུས་པས་མི་འདག་པས།། མི་འགྱུར་གཉེན་པོས་མེ་ཤིགས་བཟོད་པའི་མཆོག། ཆོས་སྐྲ་ཐུགས་སུ་ཆུད་ཕྱིར་ཞལ་ན་ཐོགས།། ཡོན་ཏན་ཡིད་བཞིན་བདག་ཉིད་ཀཱ་ཀ་མ།། དབྱིངས་ལས
iiif viewer powered by OpenSeadragon
186a - 187a