e-texts navigator
Collection
Volume
Page
Wylie

186a1 པ།། སྲ་བརྟན་རྡོ་རྗེ་དབང་བསྒྱུར་ཁྲོ་མོའི་རྡུལ།། གསུང་གི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་།། ཚུལ་ཁྲིམས་མཐར་ལྡན་འད་ཆགས་རྣམ་པར་དག། གསུང་བསྒྲ་ཡི་མཆོད་པས་མཉེས་མཛད་མ།། ལྷག་མཐོང་ཡེ་ཤེས
186a2 དབང་བསྟར་ཁྲོ་མོའི་རྒྱལ།། ཡོན་ཏན་ལོངས་སྲུང་སྣ་ཚོགས་མི་དམིགས་ཤིང་།། སྦྱིན་པ་མཐར་བྱི་ན་ང་རྒྱལ་རྣམ་པར་དག། ཏིང་འཛིན་དྲི་མཆོག་མཆོད་པས་མཉེས་མཛད་ཅིང་།། བདག་མེད་ཞིག་ནས་དབང་བསྐུར་ཁྲོ་མོའི་ཚེལ།། ཕྲིན་ལས་ལོངས་སྤྱོད་སྣ་ཚོགས
186a3 མེ་དམིགས་ཤིང་།། བཟོད་པ་མཐར་ཕྱིན་ཕྲག་དོག་རྣམ་པར་དག། ཚུལ་ཁྲིམས་དྲི་ཡི་མཆོད་པས་མཉེས་མཛད་ཅིང་།། ཐོགས་མེད་ལས་ལ་དབང་བསྒྱུར་ཁྲོ་མོའི་རྒྱལ།། ཐུགས་མཆོག་རྣམ་དག་ཡེ་ཤེས་དཀར་མི་དྲོ་ཚོགས།། འགུགས་བྱེད་ཡེ་ཤེས་ལྔ་ཡི་དབྱུག
186a4 པ་ཅན།། ངན་པས་རྒྱུད་ལྔ་སྒྲོལ་མཛད་ཞི་བར་གཟིགས།། སྲིད་གསུམ་འཇོམས་མཛད་དབྱུག་ཐོགས་གཽ་རཱི་མ།། སྐུ་ཡི་ཡོན་ཏན་ཚོགས་སྡུད་རྐུན་མོའི་ཚོགས།། མཐུ་འཕྲོག་ཞག་ནས་ལྷག་མནོར་ཟུང་དུ་འབྲེལ།། བདེན་གཉིས་ལྟ་བས་ཁྲོ་ཚུལ་འགྲོ་ལ་གཟིགས
186a5 དམ་ཚིག་དབྱིངས་མཆོག་སྒལ་བྱེད་ཙཽ་རཱི་མ།། གསུང་གི་ཐམས་ཅད་ཟིལ་གནོན་རྨོངས་མོའི་ཚོགས།། དབང་མཛད་མཐའ་གཉིས་མི་སྤོང་རྒྱུ་སྲིན་ཅན།། མི་གནས་རྒྱལ་མཚན་འཛིན་ཅིང་མྱོས་པར་བལྟ།། སྟོང་གསུམ་དབང་མཛད་རྒྱལ་བྱེད་པ་མོ་ཧཱ།། ཐལ་བར་བྱེད་པ
186a6 བྲལ་བྱེད་མ་ཡི་ཚོགས།། ཀུན་གྱི་ལས་སྒྲུབ་རྡོ་རྗེ་རྩེ་དགུ་འཛིན།། ས་དགུའི་རྟོག་འཇོམས་ཤི་བ་སློང་པར་གཟིགས།། འཇིག་རྟེན་ཐལ་བྱེད་རྡེའུ་ཐོགས་བེ་ཏཱ་ལཱི།། འབྱེད་མེད་ཤེས་རང་མི་རྟོག་རྗེས་མོའི་ཚོགས།། འཁོར་བའི་རྒྱུད་འཛིན་བརྒྱང་ཞིང་དབང་འདྲེན་ལས།
186a7 ཁྲོ་གར་གཟིགས་ཚུལ་རྒྱུན་གྱི་ཐུགས་རྗེས་སྒྲོལ།། བདེ་ཆེན་དབྱིངས་སུ་འདྲེན་མཛད་ཕྱག་སྟེ།། ཞེ་སྡང་ཚུལ་གྱིས་སྒྲོལ་མཛད་གཏུམ་མོ་ཚོགས།། མྱོས་བྱེད་དབྱིངས་དང་ཡེ་ཤེས་གཉིས་མེད་པས།། ཐུགས་རྗེས་དབུག་ཅིང་ར་ཟེའི་ཚུལ་དུ་གཟིགས།། སྣོད་བཏུང




iiif viewer powered by OpenSeadragon

185b - 186b

Texts on this page

Gdg008.10 - khro bo lha rgyud chen mo