e-texts navigator
Collection
Volume
Page
Wylie

185b1 མཁའ་ལ་ཉི་ཤར་འདྲ་སྟེ་གསལ་ལ་སྟོང་།། ཆོས་ཉིད་རྫོགས་པའི་རྩ་འཕྲུལ་བྱེ་བྲག་ནི།། མཁའ་དང་མཉམ་པའི་སྤྲིན་ཕུང་བཞིན་དུ་གདལ།། སྤྲུལ་བའི་བྱེ་བྲག་འཕྲོ་བའི་རྫུ་འཕྲུལ་ནི།། རོ་གཅིག་ཆར་འབབསྣོད་ཀྱི་བྱེ་བྲག་ཕྱེ།། དེ་ལ་ནོར་བུ་རིན་པོ་ཆེའི་རང་བཞིན་ནི།།
185b2 འགྲོ་རྣམས་ཇི་ལྟར་འདུལ་བཞིན་རེ་འདོད་སྐོང་།། མི་ཟད་བདག་མེད་གཏེར་ཆེན་ནམ་མཁའི་མཛོད།། སྲིད་པའི་མན་ནག་སེལ་བའི་ཡེ་ཤེས་སྒྲོན།། དུས་གསུམ་རྒྱུན་མི་ཆད་པར་རིན་ཆེན་འཕྲེང་།། ལུང་རྣམ་པ་གསུམ་རྩིས་འགོས་སྦྱར་ཏེ་བཤད་པ་ཡིན་ནོ།། ད་ནི་ལྷའི
185b3 གུད་ཀྱི་རྟོག་པ་སོ་སོར་བཤད་པར་བྱའོ།། འགྲོ་རྣམས་ཇི་ལྟར་འདུལ་བཞིན་གཤེགས་མཛད་པ།། ཤེས་རབ་ནམ་མཁའི་བསྐལ་པས་རྒསཾ་ཆུང་སྟོངས།། གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ།། གཏི་མུག་རྡོ་རྗེ་བུདྡྷ་ཧེ་རུ་ཀ། ཡེ་ཤེས་རྡོ་རྗེས་ཉོན་མོངས
185b4 འཁོར་བ་འཇོམས།། ཐབས་འཛིན་མཚོན་ཆའི་བསྐལ་པས་དངོས་པོ་འཇིག། ཞེ་སྡང་ཚུལ་གྱིས་ཞི་སྡང་འཇོམས་མཛད་པའི།། ཞེ་སྡང་རྡོ་རྗེ་བཛྲ་ཧེ་རུ་ཀ། རིན་ཆེན་དབྱིག་ལྟར་རེ་འདོད་ཀུན་ཏུ་སྐོང་།། གདུག་མེད་ཞི་གནས་ཆུ་ཡི་བསྐལ་པས་འཁྲུ།། ང་རྒྱལ་ཚུལ་གྱིས
185b5 ང་རྒྱལ་འཇོམས་མཛད་པ།། ང་རྒྱལ་རྡོ་རྗེ་རཏྣ་ཧེ་རུ་ཀ། འཁོར་བའི་འངམ་དུ་པད་ལྟར་སྐུ་འཁྲུངས་ཤིང་།། ལྷག་མཐོང་མེ་ཆེན་བསྐལ་པས་ཐམས་ཅད་བསྲེག། འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ།། འདོད་ཆགས་རྡོ་རྗེ་པདྨ་ཧེ་རུ་ཀ། ཕྲིན་ལས
185b6 རྒྱ་མཚོས་འགྲོ་བ་འདྲེན་མཛད་ཅིང་།། ཤེས་བྱ་ཐོགས་མེད་བསྐལ་པའི་རླུང་གིས་བསྐྱོད།། ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་པ།། ཕྲག་དོག་རྡོ་རྗེ་ཀརྨ་ཧེ་རུ་ཀ། སྐུ་ཡི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་།། ཤེས་རབ་མཐར་ཕྱིན་གཏི་མུག་རྣམ་པར
185b7 དག། ཕྱག་རྒྱ་གཟུགས་ཀྱི་མཆོད་པས་མཉེས་མཛད་མ།། ཆོས་དབྱིངས་ནམ་མཁའི་རང་བཞིན་ཁྲོ་མོའི་རྒྱལ།། ཐུགས་ཀྱི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་།། བརྩོན་འགྲུས་མཐར་ཕྱིན་ཞེ་སྡང་རྣམ་པར་དག། རྟོགས་པ་རེག་བྱའི་མཆོད་པས་མཉེས་མཛད




iiif viewer powered by OpenSeadragon

185a - 186a

Texts on this page

Gdg008.10 - khro bo lha rgyud chen mo