e-texts navigator
Collection
Volume
Page
Wylie

185a1 དེ་ལ་བཙུན་མོ་རིན་པོ་ཆེའི་ཡུལ་བཞིནི། མཆགས་རྡོ་རྗེའི་གཟུགས་ཀྱི་ཡུམ་གྱིས་གབྱུ་།། ཞི་གནས་ཏིང་འཛིན་མིག་ཡོ་ཡུམ་གྱིས་སྤྱོད།། ཐོགས་མེད་ཤུགས་འཆང་དོན་གྲུབ་ཐུས་གྱིས་བསྐྱོད།། རྟག་མཐོང་ཡེ་ཤེས་སུམ་གྱིས
185a2 གཉིས་བདེ་འབེབས།། འབྱུང་བ་བཞི་པོ་རྡོ་རྗེའི་ལྷ་མོ་དེས།། བདེ་བ་ཆེན་པོའི་རྒྱ་ལ་མཆོད་པ་འབྲལ།། དེ་ལ་དམིག་དཔོན་རིན་ཆེན་ཚུལ་དགུ་ནི།། སྒེག་པས་འགྲོ་བ་ཤེས་རབ་སྐྱེད་པའི་ཚུལ།། ཉམ་མེད་པའི་མད་སྤྱོད་དཔའ་བོའི་ཚུལ།། གདུག་རྩུབ
185a3 རྔམས་པས་བརྒྱན་པས་འཇིགས་པའི་ཚུལ།། ལོག་པའི་བལྟ་བ་ཞེ་གཅོང་གཤེ་བའི་ཚུལ།། རྨད་དུ་བྱུང་བའི་ཆོས་སྒྲོགས་བཞད་པའི་ཚུལ།། ཤིན་ཏུ་གདུལ་དཀའ་ཁྲོ་བོས་སྙིང་རྗེའི་ཚུལ།། སྨོན་ལམ་དབང་གིས་མི་བཤོལ་རྣམས་པའི་ཚུལ།། ཉོན་མོངས་གྲུབ
185a4 མའི་སྒྲར་མཛད་ངོ་མཚར་ཚུལ།། ཁྲོ་དྲག་དབྱིངས་ནས་མི་གཡ་ཞི་བའི་ཚུལ།། དེ་ལ་ཁྱིམ་བདག་རིན་པོ་ཆེའི་ཚད་མེད་པ་བཞི་ནི། ཁྲོ་གཏུམ་ཚད་མེད་བྱམས་པར་སྣང་།། གསོད་ཆེན་སྙིང་རྗེའི་བདག་ཉིད་དེ།། བསྒྲལ་ཞིང་སྟོང་རྗེས་དགའ་བའི་མཆོག། ཡལ
185a5 བར་མི་འདོར་བཏང་སྙོམས་སོ།། དེ་ལ་གླང་པོ་རིན་པོ་ཆེའི་སྟོབས་བཅུ་ནི། ཐུགས་རྗེའི་སྟོབས་ནི་དྲེགས་ཆེན་སྤྱི་ནས་གནོན།། ཆོས་ཉིད་སྟོབས་ནི་མི་དམིགས་ནམ་མཁའི་མདོག། མི་འབྱེད་སྤྱོད་པའི་སྟོབས་ནི་གླང་པོའི་རྫས་ལ་རོལ།། གྲུབ་པའི་སྟོབས་ནི
185a6 བདུད་རྩི་དངོས་གྲུབ་རྒྱ།། མ་སྦྱངས་སྟོབས་ནི་རྡོས་བཅས་སྐུ་ལ་བརྒྱན།། མ་གཡོས་སྟོབས་ནི་དོན་མཐུན་གྲོལ་བའི་རྒྱན།། སྨོན་ལམ་སྟོབས་ནི་བསྐའ་པར་གཡོ་སྒྲོ་བ་མཛད།། སྤྲུལ་པའི་སྟོབས་ནི་མགོ་བརྟན་ཕྲ་མེན་འཕྲོ།། ཕྲག་དོག་འཁོར་བར་ལོག་པར་གཅིག་མི
185a7 གཏོང་།། འདོད་ཆགས་ཕྲག་དོག་ཡུལ་ཆགས་སྤྱན་མདོག་དམར།། དེ་ལ་རྟ་མཆོག་རིན་པོ་ཆེའི་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། ཆོས་ཉིད་རྫུ་འཕྲུལ་མེད་བཞིན་ཅིར་སྣང་བ།། མཁའ་ལ་འཇའ་ཚོན་བཞིན་ཏེ་རྣམ་པར་བཀྲ།། ཡེ་ཤེས་རྫུ་འཕྲུལ་ཆོས་ཀྱི་དབྱིངས་ལ་རོལ།།




iiif viewer powered by OpenSeadragon

184b - 185b

Texts on this page

Gdg008.10 - khro bo lha rgyud chen mo