e-texts navigator
Collection
Volume
Page
Wylie

183a1 པདྨ་འདམ་སྐྱེས་མ་ཆགས་ཐུགས་རྗེས་སྤྱོད།། ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་ངང་དུ་བསྟན།། ངལ་གྲི་ཡེ་ཤེས་ཐུགས་རྗེས་མཐའ་གཉིས་གཅོད།། རྩེ་གཅིག་ཏིང་འཛིན་གཉིས་མ་བརྩོན་འགྲུས་མཛད།། དགྲ་སྣ་ཞུགས་པ་ལ་སོགས
183a2 ཕྱག་མཚན་རྣམས།། རང་གཉེར་ལས་ཀྱི་བརྡའ་མཚོན་ཆོས་སྐུ་རྟོགས་པར་བསྟན།། དེ་ལ་འདི་མན་ཆད་ཆེ་མཆོག་ཡོན་ཏན་གྱི་ལུང་གི་སྤྱི་དྲིལ་ཏེ་བཤད་པ་ནི། ཡོན་ཏན་གྱི་བརྗིད་ལས་ཕྲིན་ལས་ཀྱི་རྔོམ་སུམ་ཅུ་སོ་དྲུག་གིས་བསྟན་པ་ནི། དེ་ལཾ་སྐུའི་རྔོམ་བཞི་ལ་ནི།
183a3 ནམ་མཁའི་རི་མོར་ཕྱག་རྒྱར་རྔོམ།། ཅིར་ཡང་འགྱུར་བའི་བཞུགས་ཐབས་རྔོམ།། ཟིལ་གྱིས་གནོན་པའི་གདན་ཡང་རྔོམ།། ཚམ་རྣམས་ཆེན་པོའི་སྟོབས་ལྡན་རྔོམ་སྟེ་བཞིའོ།། དེ་ཡང་ཀུན་རྫོབ་ཏུ་རང་བཞིན་མེད་པ་ནམ་མཁར་ལས་སྤྲིན་དྲེངས་པའི་ཚུལ་དང་། ལྷ་དང
183a4 འཕགས་པ་དང་ཚངས་པ་དང་། སྨོན་ལམ་དང་ཅིར་ཡང་འགྱུར་བའི་བཞུགས་ཐབས་ཀྱི་ཚུལ་དང་། སྲིད་པའི་འཁོར་ལོ་ཟིལ་གྱིས་གནོན་པ་དྲི་མེད་པདྨ་ཉི་ཟླ་འོད་ཀྱི་ཡོན་ཏན་རྟགས་ཏེ་གདན་ཁྲིའི་ཚུལ་དང་།། སྟོབས་ཆེན་བཅུའི་ཚུལ་རྣམས་ནི་འོག་ནས་འཆད་དོ།། གསུང་གི
183a5 རྔམ་བཞི་ལ། ཧོམ་ལྔ་འབྲེལ་པར་བྱུང་བའི་ཞ་ལ་རྔམ། བླ་གམ་ཅིར་ཡང་རྔམས་པའི་ལྗགས་རྔམ། སྐྱེ་ཤིའི་རྩ་བ་གཅོད་པའི་ཆོམས་རྣམས། གསུང་སྐྱེ་། འབྲུག་དྷར་སྨྲིག་པའི་དབྱིངས་རྔམ་ད་བཞིའོ།། དེ་ཡང་གན་པ~ཾ་ཤེས་ཀྱི་ཕྱག་རྫ་ལས། རོ་རྣམ་པ་ལྔའི་སྲེག
183a6 ཁང་དུ། རོ་རྣམ་ལྔས་ཚིམས་ཤིང་མཆོད་པས་འབྲེལ་པ་ལྔའི་ཚུལ་དང་། གསུང་དབང་ཚུལ་གྱིས་འདུས་བྱས་དང་། རང་བཞིན་དང་། ཟུར་མ་འདྲེས་པར་སྟོན་པའི་ཚུལ་དང་། མཆེ་བ་ཡེ་ཤེས་ཀྱི་འཕྲོ་འདུས། དུག་བཞི་རྣམ་ཤེས་བཞི་གཅོད་པའི་ཚུལ་དང་། འདུག
183a7 ལྟར་སྒྲོགས་པ་ཡན་ལག་དྲུག་ཅུ་དབྱངས་ཀྱིས་བསྙད་པས་མདོ་སྡེ་གོ་བར་སྒྲོགས་ཤིང་ཟིལ་གྱིས་གནོན་པའི་ཚུལ་དང་རྣམ་པ་བརྒྱད་དོ།། ཐུགས་ཀྱི་རྔ་མ་བཞི་ལ། ཏིང་ངེ་འཛིན་ནམ་མཁའི་རྒྱན་གྱི་སྐར་ཚོགས་ལྟར་རྔ་མ། ཕྲིན་ལས་ཀྱི་མཚོའི་རྨེ་རླབས་རྔ་མ། ཡོན་ཏན་མི་ཟད་རྩི




iiif viewer powered by OpenSeadragon

182b - 183b

Texts on this page

Gdg008.10 - khro bo lha rgyud chen mo