e-texts navigator
Collection
Volume
Page
Wylie

182b1 ཞལ་གསུམ་དབྱིངས་སུ་དྲུག་གསུམ་ཟད་པར་རྔུབ།། ལྤགས་གསུམ་ཐེག་གསུམ་བསྟན་པའི་གདངས་རང་སྒྲོགས།། ཁམས་གསུམ་ཉུག་བྱེད་རྡོ་རྗེ་སྲིན་པོ་ལྕེ།། མ་ཆེ་བཞི་སྟེ་ཤི་རྩད་ནས་གཅོད་པར་བྱེད།། ཕྱག་དྲུག་རྒྱུད་དྲུག་འཁོར་བ་གཏིང་ནས་འདོན།། ཕྱག
182b2 མཚན་ཕ་རོལ་ཕྱིན་དྲུག་འགྲོ་དོན་མཛད།། ཞབས་བཞིས་ཕྲིན་ལས་རྣམ་བཞིས་བགྲོད་མེད་སྒྲོལ།། ཡན་ལག་རྟགས་ཀྱི་ལུང་ནི་འདི་ལྟར་སྦྱར།། རྡོ་རྗེ་ཡེ་ཤེས་ཕ་རོལ་ཕྱིན་པ་ནི།། རང་བཞིན་མི་འགྱུར་ལས་ནི་འབིགས་ཤིང་འཇོམས།། ཆོས་སྐུ་མི་འགྱུར་རྟོག་དང
182b3 བཱག་ཆགས་སྲེག། ཡེ་ཤེས་ཡིན་ཕྱིར་དེ་ལ་དེ་སྐད་བྱ།། བྷ་ནྟ་བཟོད་པའི་ཕ་རོལ་ཕྱིན་པ་ནི།། ཆོས་དབྱིངས་ཟློས་མེད་ཡེ་ཤེས་བཞི་དང་ལྡན།། ཡེ་ཤེས་དབྱིངས་རྟོགས་ཞེན་ཆགས་ཐུགས་རྗེ་སྐྱེ།། མཐའ་གཉིས་སྐྱོན་གྱིས་མི་སྔགས་བརྗོད་པའི་མཆོག། ཁ་ཊྭཱ~ཾ་སྟོབས
182b4 ཀྱི་ཕ་རོལ་ཕྱིན་པ་ནི།། དུག་གསུམ་སྒྲོལ་བྱེད་དྲེགས་པའི་ལྷ་བདུད་འཇོམས།། སྟོབས་གསུམ་སྲིད་གསུམ་ཡོངས་འདུལ་རྒྱལ་བའི་རྟགས།། ཀུན་ལ་མངའ་མཛད་འཁོར་རྣམས་དབང་དུ་སྡུད།། ཞིང་ཆེན་སྨོད་ལམ་ཕ་རོལ་ཕྱིན་པ་ནི།། འབོད་པའི་གཡབ་མོས་འཁོར
182b5 རྣམས་དབང་དུ་སྡུད།། སྦྱིན་པའི་བཟའ་བས་མཁའ་འགྲོ་ཚིམས་པར་བྱེད།། བརྡེག་པའི་དབྱུག་པས་རྡོས་བཅས་ཕུང་པོ་བཤིག། རྟོགས་པའི་ཆོས་ཉིད་ཟན་མེད་ཡེ་ཤེས་ལྔ་ལས་བཟུང་།། ཇི་ལྟར་སྨོན་ལམ་འགྲུབ་པས་དེ་སྐད་བྱ།། ཐོད་གཤོལ་ཐབས་ཀྱི་ཕ་རོལ་ཕྱིན་པ
182b6 ནི།། ཉོན་མོངས་ཐུགས་རྗེས་ཐ་བརློག་མཛད་ཅིང་།། ཡེ་ཤེས་ཆོས་དབྱིངས་མཐའ་དང་བྲལ་བ་རྟོགས།། ཐབས་ཀྱི་སྐུ་གསུམ་ལྷུན་གྲུ་བ་སྤྲུལ་པ་འགྲོ།། རྔ་ནི་ཤེས་རབ་ཕ་རོལ་ཕྱིན་བསྟན་པ།། ཡུལ་མེད་ཆོས་སྐུ་རྣམ་དུག་རྔ་ལོགས་ལ།། འཛིན་པ་བདག་མེད་རིག་པའི
182b7 དབྱུག་གུས་བརྡུངས།། གསུང་བ་རྡ་སྦས་འགྲོ་བ་ཤེས་རབ་བསྐྱེད།། འཁོར་ལོ་བསམ་གཏན་ལྷག་ས་གསུམ་གྱི་མཚན།། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་གསུམ་དང་ལྡན།། བདག་མེད་སེམས་ལས་རིན་ཆེ་ནང་གི་ས་འདོད་སྐོང་།། མི་ཟད་པར་ལྡན་སྦྱིན་པའི་ཕ་རོལ་ཕྱིན།།




iiif viewer powered by OpenSeadragon

182a - 183a

Texts on this page

Gdg008.10 - khro bo lha rgyud chen mo