e-texts navigator
Collection
Volume
Page
Wylie

181b1 མ་གླེང་མཐང་བག་ན།། གནོད་སྦྱིན་གྱི་དག་མི་བྱུང་གཟུགས་པ་ནི།། འདུས་དབང་ལེ་དྭགས་སྲིན་པ་འདྲ།། དེ་ལ་གྲགས་པ་ནི། བུདྷཱ་བ་རྩིས་བསྐྱོད་ལ་སྲས་སུན་དགོངས།། གཏི་མུག་གཟེངས་པ་སོ་དང་རྒྱལ་གནོན་པར་ཐུགས།། དེ་ལ་ལ་ཤས་ནི། རྣམ།
181b2 དག་དབྱིངས་མཁྱེན་འཁོར་བའི་སྐྱོན་དང་བྲལ།། འགྲོ་བའི་རྒྱུད་མཁྱེན་མྱ་ངན་མཐའ་པས་འདས།། གཉིས་སུ་མེད་པར་མཁྱེན་པས་དབུ་མའི་ངང་།། མདོར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན།། དེ་ལ་ནན་ཏན་ནི། ནན་ཏན་སྙིང་པོ་ཟག་བཅས་ཟག་མེད་འདུ།།
181b3 ནཱན་ཏན་ཕྲིན་ལས་འགྲོ་བའི་གནས་ནས་འདོན།། བསམ་ཡས་ནན་ཏན་འགྲོ་ཆུད་མིགས་ན།། ནན་ཏན་མཆོག་གི་མཆོག་ཏུ་ཤེས་པར་བྱ།། ང་ནི་ཁྲོ་བོའི་རྟོག་པ་བཤད་དེ། དེ་ཡང་མི་འདའ་རྒྱན་གྱི་ལུང་དང་། ཆེ་མཆོག་ཡོན་ཏན་གྱི་ལུང་། ཡན་ལག་རྟགས
181b4 ཀྱི་ལུང་གིས་བཤད་དེ། དེ་ལ་མི་འདའ་བ་རྒྱན་གྱི་ལུང་ནི། གླང་ཆེན་འདུལ་སྟོབས་ཐེག་པའི་རྒྱན་ཞེས་པ།། བདུད་འཇོམས་སྨན་རྫས་གྲུབ་དང་ལྟ་བའི་གཞུང་།། སྟག་ནི་དཔའ་བརྟུལ་ཟ་བྱེད་རྒྱན་ཞེས་པ།། ཡེ་ཤེས་ཐུགས་རྗེ་ཕྲིན་ལམ་རྒྱན་དུ་བསྟན།། སྦྲུལ་ནི
181b5 དཔའ་བརྗིད་མཉེན་ལྷག་རྒྱན་ཞེས་པ།། འཇིགས་ཚུལ་གདུག་གནོན་འཁྲིལ་བའི་ཡུམ་ཞེས་བྱ།། ཐོད་ཕྲེང་དབང་ཆས་སྒྲོལ་བའི་རྒྱན་ཞེས་པ།། སྐུ་གསུམ་ཐེག་གསུམ་དུས་གསུམ་དབང་ཆས་སྒྲོལ།། གཡང་གཞི་ཚུལ་ཁྲིམས་གོས་ཀྱི་རྒྱན་ཞེས་པ།། བྱང་ཆུབ་སེམས
181b6 ཚུལ་དམ་ཁྲིམས་གོས་ཞེས་བྱ།། རཀྟ་ཐུགས་རྗེ་ཆགས་པའི་རྒྱན་ཞེས་པ།། མི་རྟོག་དབྱིངས་ནས་ཐུགས་རྗེའི་པད་མའི་སྤྱན།། གཟི་ཆེན་དོན་དམ་བཅུད་ཀྱི་རྒྱན་ཞེས་པ།། བཅུད་ཀྱི་ཐིག་ལེ་དོན་དམ་ཀུན་ཏུ་འོད།། ཐལ་བ་འདུལ་བྱེད་ཕྲིན་ལས་རྒྱན་ཞེས་པ།། ཡི་གེ་ཁོར
181b7 ལོས་མཚན་མ་ཐལ་བར་རློག།། མེ་འབར་འགྲོ་འདུ་སྲེག་ཀློང་དཀྱིལ་ནས་བཞེངས་པའོ།། ཡེ་ཤེས་ཐུགས་རྗེའི་དབྱིངས་སུ་ཕྲིན་ལས་ཏེ།། ཟད་པར་ཤེས་པ་མཐའ་འདས་དཀྱིལ་ཞེས་བྱ།། མེ་པྲེ་སྒྲ་ཆེན་ཐ་དད་སྒྲ་ཞེས་པ།། ཆོས་སྐུས་ཁྱད་དང་ཏིང་འཛིན་སྣ་ཚོགས་འཇོ།། རལ




iiif viewer powered by OpenSeadragon

181a - 182a

Texts on this page

Gdg008.10 - khro bo lha rgyud chen mo