e-texts navigator
Collection
Volume
Page
Wylie

180b1 ལུང་གསུམ་གྱིས་སྣ་དྲངས་ཏེ་གདང་སྒྲ་བྱའོ།། མན་ངག་གསུམ་གྱིས་མཇུག་བསྐུས་ཏེ་བློ་ལ་བཞག་པའི་མན་ངག་ཏུ་བྱའོ།། སྤྱི་དོན་གསུམ་གྱིས་ལུང་ཐམས་ཅད་ཀྱི་སྤྱི་བཅད་དོ།། ལྕི་དོན་བཅུ་གཉིས་དོན་གྱི་ཁོག་དབུབ་པོ།། བདུད་བཞི་བཅོམ་པས་ཡོན་ཏན་ཀུན་ལ་སྣང་བ
180b2 བདུད་བཅོམ་མོ།། རྫིས་འོགོ་དྲུག་གིས་ས་བཅད་དོ།། ཁྲོ་བོའི་རྟོག་པ་མཚན་མ་གཉེར་གྱིས་བཤད་པས་ནི་གྲོལ་ས་དང་སྒྲིབ་པ་སྤང་ངོ་།། ཡོན་ཏན་ཀུན་ལ་རྔོམ་པས་བརྗིད་གཞན་ལ་སྣང་བར་བྱ་ཕྱིར་རྔོ་མ་བརྗིད་ཆེན་པོ་སུམ་ཅུ་རྩ་དྲུག་བསྟན་ནོ།། རྒྱལ་པོ་ཡིན་པའི་ཕྱིར།
180b3 རྒྱལ་མཚན་གྱི་རྟགས་སུ་རིན་པོ་ཆེ་སྒྲ་བདུན་གྱིས་རྒྱལ་པོ་ཆེན་པོར་མདའ་གསོལ་ལོ།། ལུང་རྣམ་པ་གསུམ་སྤྱིར་དྲིལ་ཏེ་སྐྱེད་དོ།། དེ་ལྟར་རྣམ་པ་བཅུར་གསེས་ནས། དན་ཕྱོ་བྱང་བུ་དོ་བསྟུན་པས་གསེས་ནས་བཤད་དོ།། དེ་ལ་ལུང་གསུམ་ནི། ཞི་གནས་མི་རྟོག་དངོ
180b4 པམ་འའ་ཁྱུང་དང་། ལྷག་མཐོང་མ་རྨོངས་མཁའ་ལགཟང་སྐུར་བ་ཀྲམ།། ངོས་པ་ཅས་དོན་དེང་བརྫུན་ཞི་འི་རྣམས་པར་བཤད།། ཏིང་འཛིན་ཤེས་རབ་བཀུའ་ལུང་གསུམ་དུ་འདུས།། དེ་ལ་མན་དག་གསུམ་ནི། བདག་ཏུ་མི་རྟོག་སྤྲུལ་པ་མཛད་ནས་འརྩོན།། ཡུལ་དུ
180b5 མ་གྲུབ་གཞན་མེད་མཛོད་དུ་གཤེགས།། ཡུལ་སེམས་གཉིས་མེད་མ་སྐྱེས་དབྱིངས་སུ་གཅིག། ཉན་ཐོས་དང་རྒྱལ་སེམས་ཙམ་ཡོད་མན་ངག། དེ་ལ་སྤྱི་དྲོན་གསུམ་ནི། མེད་རྒྱུ་བཏགས་ཆགས་བསྒྲུབས་འགྲུབ་བརྙས་པས་སྣང་།། སྣོད་མཐུན་ཁྲོ་དྲག་གདུག་པ་དཔའ
180b6 པོས་འདུལ།། རྟོག་འཇོམས་སྨད་རྫས་དང་ལེན་དངོས་གྲུབ་རྒྱུ།། འདི་ནི་ཁྲོ་བོ་སྤྱི་ཡི་དོན་དུ་བཤད།། དེ་ལ་སྤྱི་ཁོག་བཅུ་བཞི་ལ།། གང་ཁྲོ་གང་ལ་ཅིའི་ཕྱིར་གང་གིས་ཁྲོ།། གང་ཁྲོ་རྣམ་པ་བཞིར་ནི་ཤེས་པར་བྱ།། ངང་ཁྲོ་ཤུགས་ཁྲོ་ཁྲོ་བར་བཅས་དང་བཅོས།
180b7 རྟོགས་པས་ཐུགས་རྗེའི་རང་བཞིན་འདུལ་བའི་དབང་།། གང་ལ་སྙིང་རྗེ་ཁྲོས་ཏེ་ཡུལ་དང་གནས།། ལས་དང་འབྲས་བུ་སེམས་ཅན་གྲུབ་པའོ།། ལཱས་སྤྱི་འབྲས་བུ་སྐུ་གསུང་བུགས།། ཅི་ཕྱིར་རྒྱུ་དང་འབྲས་བུ་གཉིས་ལ་ནི།། དུག་གསུམ་མི་སྤང་ཤ་རུས་ཁྲག་ཕ་རོལ།། གང
180b8 བཞི་ལ་བྱུང་།།




iiif viewer powered by OpenSeadragon

180a - 181a

Texts on this page

Gdg008.10 - khro bo lha rgyud chen mo