e-texts navigator
Collection
Volume
Page
Wylie

180a1 དངའབརྣག་པ་འཇིགས་སུ་རུང་།། རྒོད་དང་གཤེ་དང་རྣམས་པ་དང་།། སྐྱོང་རྫབ་དང་ངོ་མཚར་ཞེ།། ཉམས་ནི་སེམས་ལ་ནད་དུ་འཆང།། གང་ནི་ལུས་ལ་མྱི་འཆར།། སྔགས་ནི་དག་ཏུ་ནུས་པ་འཆར།། མཐོང་སྣང་ཡུལ་གྱི་སྣང་བར
180a2 འཆར།། བག་ཆགས་རྨྱི་ལམ་འཆང་བ་ཡིས།། སྒྲུབ་པ་པོ་རྣམས་གྲོལ་བར་བྱེད།། སྟོན་པ་ཀུན་བཟང་ཁྱོད་ལ་བསྟོད།། ཅེས་གསུངས་སོ།། དེ་ནས་སྟོན་པས་གསུངས་པ།། ཁྲོ་བོ་ཆེན་པོའི་རྒྱུད་མཆོག་འདིས།། ལམ་གྱི་རྣལ་འབྱོར་གྲོལ་བྱེད་པས།། གང་ཟག་ཆོས
180a3 ཀྱི་སྙན་ལྡན་ལ། རྡོ་རྗེ་སྙིང་པོ་ཁྱོད་ཀྱིས་གཏོད།། ཅེས་གསུངས་པ་ས་རྗེས་སུ་།། བྷི་དྷ་ལས་མཛེས་པ་དང་ཛྷ་གཏད་པ་པ་སྟེ་བདུན་པ་འོ།། ཟླ་བི་རྒྱ་རྫོགས་ས། ཟུག་ཀྱྀ་མྱཁན་པོ་བྲིས་ཏྭ་ལས། འདི་ཀྱིས་དྷི་བཛྲ་རཱ་ཙེས་པ་སྦྱར་བམ།
180a4 རྒྱ་གར་སྐད་དུ། ཀྲོ་དྷ་དེ་བ་ཏནྟྲ་མ་ཧཱ་ཀགྒ། བོད་སྐད་དུ། ཁྲོ་བོ་ལྷ་རྒྱད་ཀྱི་རྟོག་པ་ཆེན་པོ། བཅོམ་ལྡན་འདས་རིགས་ལྔ་ཁྲགའི་ཐུང་ངུ་ཁོར་རྒྱ་མཆོད་དེ་བཅས་པ་ལ་ཕྱག་འཚལ་ལོ།། བདག་མེད་གཉིས་རྟོགས་སྒྲིབ་པ་གཉིས་བྲལ་ལས།། ཐུག་རྫིའི་སྤྲུལ་པས་འགྲོ་བ་མ་ལུས
180a5 སྒྲོལ།། ཡུལ་མེད་མ་སྐྱེས་བྱམས་པའི་ཆོས་དབྱིངས་ལས།། འཛིན་པ་མི་རྟོག་སྙིང་རྗེ་ཞི་ཆགས་ཁྲོ།། གཉིས་མེད་དང་ལས་ཕྲིན་ལས་སྙིང་རྗེ་སྙོམས།། དཔལ་ཆེན་ཁྲག་འཐུང་མཆོག་ལ་ཕྱག་འཚལ་ལོ།། རྟོག་འཇོམས་སྤྱོད་པ་མཐུན་པས་འགྲོ་འདུལ་ཞིང་།། པཛྲ་འཅན
180a6 ཡང་དག་ལེན་པས་དོན་གྲོལ།། ལྷ་རྒྱུད་བརྗོད་པས་དངོས་གྲུབ་ཀུན་དང་འབྲེལ།། བཀའ་དོན་གཏན་ཚིགས་རིགས་པས་བརྗོད་པར་འོས།། ཞེས་བྱའོ།། སྲུང་གསུམ་མན་ངག་གསུམ་དང་སྤྱི་དོན་གསུམ།། ལུང་གི་སྤྱི་གཅོད་མན་ངག་གདེང་སུ་བྱ།། སྤྱི་ལོག་བཅུ་གཉིས་དོ
180a7 གྱི་ཁོ་ག་ཕུབ་ལ།། བཞི་བཅོམ་དྲུག་ལྡན་རྩིསང་དགོས་ས་བཅད་དེ།། ཁྲོ་བོའི་རྟོག་པ་མཚན་མའི་གཉེར་གྱིས་བཤད།། འདི་ནི་ཁྲག་འཐུང་རྔམ་བརྗིད་རྒྱལ་པོའི་ལུང་།། ཞེས་ཚིག་ཉུང་ཞིང་མདོར་བསྡུས་ལ་དོན་མང་པོར་འབྱུང་བས་མདོའི་སྡེ་ཞེས་བྱའོ།། དེ་ལ་བཤད་པ་ནི།།




iiif viewer powered by OpenSeadragon

179b - 180b

Texts on this page

Gdg008.9 - chos nyid zhi ba'i lha rgyud
Gdg008.10 - khro bo lha rgyud chen mo