| | e-texts navigator
|
17b1 ཛྭ་བཊ་ཅས་པའི་སླ་བརྗོད་ཅིང་རྡོ་རྗེ་ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། ཐོས་པའི་སྒྲ་མངོན་པར་འདུ་མཛད་དེ། དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེང་མཐའ་ཡས་པར་སྣང་བའི་ཐུགས་ཀ་ནས་རིག་པའི་ཛྷ་སྡུག་ནག་ལས། རྡུང་ནག་རྡོ
17b2 རྗེའི་དཀྱིལ་འཁོར་ལ་བརྟེན་པའི་ཁྲག་གི་རྒྱ་མཚོ་འཁྲུགས་པའི་དཀྱིལ་ན། ཀེང་རུས་ཆེན་པོའི་རི་རབ་འབར་བའི་སྟེང་ན། དྲག་པོ་ཨེའི་གཞལ་ཡས་ཁང་ནཱ་མ་མཁའི་རྒྱ་དང་མཉམ་པ། འབར་བའི་འཕྲོ་བ་འཁྲུགས་པའི་ཀློང་དུ་འཁྱིལ་བར་འགྱུར་རོ།། དེ་ནས
17b3 བཛྲ་མ་ཧཱ་ཀྲོ་དྷཱི་ཞེས་བརྗོད་པས་དེ་བཞིན་ཉིད་ཀྱི་དབྱིངས་ལས་ཁྲོ་མོ་དབང་ཕྱུག་མངོན་པར་ཕྱུང་སྟེ། གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས། བྷྲཱུཾ་དྷྭཾ་བྷྲཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭཱ་ལ་མཎྜལ་པཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཞེས་བརྗོད་པས་ཕྱོགས་བཅུའི་སངས་རྒྱས
17b4 ཐམས་ཅད་ཞེ་སྡང་རྡོ་རྗེའི་སྐུ་རྗེས་སུ་དྲན་ནས། འཇིག་རྟེན་དྲུག་གི་ཕྱོགས་བརྒྱ་ཐམས་ཅད་ཁྲོ་བོ་འཆོལ་བའི་དཀྱིལ་འཁོར་གྱིས་གང་བར་གྱུར་ཏོ།། རྡོ་ཚེའིའཇིག་རྟེན་དྲུག་གི་ཕྱོགས་མཚམས་ཐམས་ཅད་གཡོས་རབ་ཏུ་གཡོས།། ཀུན་ཏུ་རབ་ཏུ་གཡོས།། འབུགས
17b5 རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། ཚིག་རབ་ཏུ་ཚིག། ཀུན་ཏུ་ཚིག་གོ།། འབྱོར་རབ་ཏུ་འཐོད་ཀུན་ཏུ་རབ་ཏུ་འཐོར་རོ།། དེའོ་ཚེ་འཇིག་རྟེན་འདི་ཕུང་བར་བྱེད་པའི་དྲེགས་པ་ཆེན་པོ་དང་། བཅུ་བྱིན་དང་། ཚངས་པ་དང་། མ་ཧཱ་དེ་བ་དང་། ཁྱབ་འཇུག
17b6 རྣམས་རང་རང་གི་རྒྱ་བ་སྟོན་ཅིང་ཤིན་གནས་གཏུམ་མོ།། དེ་ནས་འཇིགས་བྱེད་ཆེན་པོས་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་བཅོཾས་ཏུས་ན་བྷྲཱུཾ་བི་ཧཱུ~ཾ་ཧཱུ~ཾ་ཞེས་བརྗོད་པས། ཁྲོ་བའི་ཆོམ་པ་དེ་དག་གིས་ཕྱོགས་བཅུའི་དྲེགས་པ་བསྒྲལ་ནས། སླར་འདུས་ཏེ་སྲས་མཆོག་རྡོ་རྗེ་གཞོན་ནུའི་སྲ་མཐིང་ནག
17b7 དབུགསུམ་པ་མདོག་མཐིང་ནག་དམར་ནག་ལྡང་ནག་གི་ཚུལ་གྱིས་རྔམས་པ། ཕྱག་དྲུག་ཞི་བོ་སང་གེ་སྟོང་ཚུལ་དུ་པྲཱ་ང། རྡོ་རྗེའི་གཤོག་པས་གཏམས་པ། སངས་རྒྱས་ལྔ་དབུལ་རྫོགས་ཤིང་སྒྲུབ་མ་ནག་ཏུ་ཀྱིལ་བ། དཔལ་ཀྱི་ཆས་དང་དྲུང་ཁྲོད་ཀྱི་རྒྱན་གྱིས
iiif viewer powered by OpenSeadragon
17a - 18a