e-texts navigator
Collection
Volume
Page
Wylie

177a1 མྱུར་བའི་ཤུགས་འཆང་འགྲོ་དོན་མཛད།། ཐུགས་རྡོ་རྗེ་གཅིག་ཡེ་ཤེས་སོ་སོར་གཟིགས།། དཀྱུལ་འཆི་བདག་འཇིགས་བྱེད་བྷ་མྦྷ་མ།། འཇོམས་བྱེད་དམཆོག་རྣམ་དག་གསུང་གི་ཡུམ།། ཐབས་མཁས་སྤྱོད་པས་བདག་དང་གཞན་དོན་མཛད།
177a2 དོན་གྱི་ཆོས་སྐུ་ཏིང་འཛིན་ལྗགས་ལ་བསྟར།། འདོད་ཆགས་ངུར་ཁྲོད་བགེགས་འཇོམས་སྲིགཱ་ལ།། མི་འབྱེད་སྤྱོད་པས་ལས་མཆོག་རིགས་ཀྱི་ཡུམ།། གཡེངས་པའི་ཕྲིན་ལས་འགྲོ་ལ་ཐུགས་རྗེས་བསྒྲེང་།། ཆོས་ཉིད་སྒྲ་ལ་ཡེ་ཤེས་སྤྱན་གྱིས་གཟིགས།། ཕྲག་དོག་ཀུན་ལས་མཛད
177a3 པར་ཤཱ་ན་མ།། ཡིད་ཀྱིས་ཡེ་ཤེས་སོ་སོར་ཀུན་ལ་རྟོགས།། རྣམ་ཤེས་གསང་མཛད་དགོངས་འབྲེལ་ཚུལ་ཁྲིམས་བསྲུང་།། འཁོར་བའི་རྒྱུད་འཛིན་རྒྱན་གཅོད་སྤ་གེ་འཛིན།། མགྱོགས་མས་སྙོགས་བྱེད་ཁྲག་འཐུང་ཀྲྀ་ནཱ་མ།། རྣམ་ཤེས་མཉམ་ཉིད་ཡིད་འཕྲོག་མཚན་མ་འཇོམས།། བསད
177a4 པའི་གོད་རྣམས་སྦྱིན་པའི་ཕ་རོལ་ཕྱིན།། མཐའ་འདས་ཆོས་སྐུས་གཟུང་འཛིན་སྤང་ཚུལ་འཛིན།། འགྲོ་བའི་སྡུག་བསྔལ་ཚེ་འཕྲོག་ཀརྣམ།། བསླད་པས་མི་འགྱུར་བཀྲུས་པས་མི་འདག་པས།། མི་འགྱུར་གཉེན་པོས་མི་ཤིགས་བཟོད་པའི་མཆོག། ཆོས་སྐུ་ཐུགས་སུ་ཚུད་ཕྱིར་ཞལ་ན
177a5 ཐོགས།། ཡོན་ཏན་ཡིད་བཞིན་བདག་ཉིད་ཀཱ་ཀ་མ།། དབྱིངས་ལས་མི་རྟོག་འགྲོ་ལ་ཐུགས་རྗེས་གཟིགས།། གཉིས་ལ་མི་གནས་ཤེས་རབ་ཕ་རོལ་ཕྱིན།། དབྱིངས་ཀྱི་ཐུགས་རྗེས་ཕྲིན་ལས་འདུས་མ་བྱས།། མཐའ་གཉིས་སྤང་བའི་རྔ་མ་ཚུལ་ཨུ་ཝཱ་ཀ། བཅུ་དྲུག་ཞག་གིས་ཟླ་བའི
177a6 དཀྱིལ་འཁོར་རྫོགས།། དཔལ་ཆེན་བཅུ་དྲུག་ས་ལ་ལྷུན་གྱིས་གྲུབ།། བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པའི་སྐུ།། ཐོག་མཐའ་མེད་ཅིང་ཡོན་ཏན་བཟླས་པ་མེད།། སྦྱིན་པས་རིག་པའི་ཀླུང་དུ་མཚོ་དངས་ལྟར།། འཁོར་བའི་འཇིང་ནས་ཐུགས་རྗེའི་ལྕགས་ཀྱུས་འདྲེན།། དཔའ་བར་འགྲོ།
177a7 པའི་ཏིང་འཛིན་འགྲོ་དོན་མཛད།། ཐུགས་རྗེ་ཤར་མཛད་རྟ་གདོང་ལྕགས་ཀྱུ་མ།། དོན་དང་མཐུན་པས་ཀུན་ཀྱང་དགའ་བར་མཛད།། བྱམས་པའི་ཞགས་པས་འཁོར་བའི་རྒྱུད་འཛིན་ཅིང་།། རིན་ཆེན་ཕྱག་རྒྱས་སེམས་ཅན་དགོས་འདོད་སྐོང་།། ཡོན་ཏན་ཚོགས་རྫོགས་ཕག་གདོང་ཞགས




iiif viewer powered by OpenSeadragon

176b - 177b

Texts on this page

Gdg008.9 - chos nyid zhi ba'i lha rgyud