e-texts navigator
Collection
Volume
Page
Wylie

174b1 མེན་འཕྲོ།། ལུས་ནི་ཅིར་བསྐུ་སེམས་ནི་ཆོ་འཕྲུལ་སྟོན།། གད་རྒྱངས་གདངས་དང་སྣ་ཚོགས་ཕྱོགས་བཅུར་སྒྲོགས།། མཆེ་བས་ཟིལ་གནོན་ཐ་དད་ཆོས་རྣམས་སྟོན།། ཤེས་རབ་ཐབས་ལྡན་སྨན་གཉིས་དབུ་མའི་དང་།། དབྱིངས་པས་མིག་ཡོ་ཅི་ཡང་ས་ལེར་མཁྱེན།། སེམས
174b2 བྱེ་བྲག་ཏིང་འཛིན་ས་ཡ་འཕྲོ།། བསམ་གྱིས་མི་ཁྱབ་བཞི་པ་རོལ་པར་མཛད།། རྡོ་རྗེའི་སྟེང་མོ་པགས་པ་སྤུ་ཕྲེང་ཀུན།། འཁོར་བ་ཇི་སྲེད་བཞུགས་པའི་ཚེལ་དབང་།། ལྟ་བ་རྣམ་བཞིའི་སྤྱན་གྱུར་གྱིས་བསྒྲལ་བས།། རྫ་མེན་བཞི་གྲོ་ཕྱོགས་བཞིར་ལས་བཞི་མཛད།། སྨོན་ལ
174b3 དབང་གི་དྲག་པོའི་སྐུར་སྟོན་ཞིང་།། དུས་མཐའི་བསྐལ་པ་བཞིན་དུ་བཤོལ་དུ་མེད།། དེ་ལ་བཙུན་མོ་རིན་ཆེན་ལུམ་བཞི་ནི།། མ་ཆགས་རྡོ་རྗེའི་གཟུགས་ཀྱི་ཡུམ་གྱིས་འཁྱུད།། ཞི་གནས་ཏིང་འཛིན་མི་གཡོ་ཡུམ་གྱིས་སྦྱོར།། ཐོགས་མེད་ཤུགས་འཆང་དོན་གྲུབ་ཡུམ་གྱིས་བསྐྱེད།།
174b4 ལྷག་མཐོང་ཡེ་ཤེས་ཡུམ་གྱིས་གཉིས་མེད་འབེབས།། འབྱུང་བ་བཞི་པ་རྡོ་རྗེའི་ལྷ་མོ་དེས།། བདེ་བ་ཆེན་པོའི་སྤྲུལ་མཉེས་པ་འབུལ།། དེ་ལ་དམག་དཔོན་རིན་ཆེན་ཚུལ་དགུ་ནི།། ནང་དང་ཕྱི་ཡི་ཚུག་གཉིས་ནི།། སྒེག་པས་འགྲོ་བ་ཤེས་རབ་བསྐྱེད་པའི་ཚུལ།། ཉམ་ང་མེད་པས་མ
174b5 སྤྱོད་དཔའ་བོའི་ཚུལ།། གདུག་རྩུབ་རྣམས་པས་བརྒྱན་པས་འཇིགས་པའི་ཚུལ།། ལོག་པར་ལྟ་བ་ཞེ་གཅོད་གཤེ་བའི་ཚུལ།། རྨད་དུ་བྱུང་བའི་ཆོས་སྒྲོགས་བཞད་པའི་ཚུལ།། ཤིན་ཏུ་གདུལ་དཀའ་ཁྲོ་བོའི་སྙིང་རྗེའི་ཚུལ།། སྨོན་ལམ་དབང་གིས་མི་བཤོལ་རྔམས་པའི་ཚུལ།།
174b6 ཉིན་མོངས་གྲུབ་པའི་མྱུར་མཛད་ངོ་མཚར་ཚུལ།། ཁྲོ་དྲག་དབྱིངས་ནས་མི་གཡོ་ཞི་བའི་ཚུལ།། དེ་ལ་བྱི་ཚུལ་གང་དགྲནི།། སྒེག་པ་དཔང་བ་འཇིགས་པའི་སྐུ།། རྒོད་དང་གཤེ་དང་རྔམས་པ་གསུམ།། ངོ་མཚར་སྙིང་རྗེ་ཞི་བའི་ཐུགས།། དབང་ཕྱུག་འདོད་ཆགས་ཉམས་ཅན
174b7 བཅོམ་པས་སྒེག། ལྷ་མིན་བ་སུ་ཀར་བསད་པས་དཔའ་བོར་མཛད།། ཁྱབ་འདུག་སེང་གེ་ཕག་གདོར་སྦྲུལ་བཏུལ་འཇིགས།། གཞོན་ནུ་སྨིན་དྲུག་རྟ་སྐད་དྲག་པོར་དགོད་པས་བཏུལ།། ཚོགས་བདག་གླང་སྣ་གཤེ་བའི་གདུལ་བྱ་བཏུལ།། སྤྲིག་ཅན་རཱ་ཧྲས་ཉི་ཟླ་བར་ནི་མིང




iiif viewer powered by OpenSeadragon

174a - 175a

Texts on this page

Gdg008.9 - chos nyid zhi ba'i lha rgyud