| | e-texts navigator
|
172a1 ན་སུ་ན་ན་། ཀུན་ཀློ་ན་། སྨྲ་།
172a2 ཁྱབ་དང་ཏིང་འཛིན་སྣ་ཚོགས་འཕྲོ།། རལ་པ་འཛིངས་ཤིང་ཁམ་ནག་འཕྱོ་བ་ནི།། ཡེ་ནཱ་ས་ཆོས་ཉིད་དབང་དྲག་སྤྲུལ་པ་འཕྲོ།། སྐུ་མདོག་མཐིང་ནག་ནམ་མཁའི་རྒྱན་ཞེས་པ།། འདུལ་དབང་ཡོན་ཏན་མཐའ་མེད་དགོངས་པའི་གཏིང་།། མི་དཔོགས་དེ་ལ་ཡན་ལག་རྟགས་ཀྱི་ལུང་།།
172a3 སྤྱི་དང་བྱེ་བྲག་སྣང་བ་ཡང་།། སྤྱིར་ན་དཔལ་ཆེན་ཧེ་རུ་ཀའི།། སྐུ་མདོག་ཕྲག་མཚན་མངེས་ཏེ།། གང་ལྟར་བསྲུབས་ཀྱང་འགྲུབ་པར་འགྱུར།། མཚན་ཉིད་མེད་པའི་ཕྱག་རྒྱ་དང་།། དེ་ལྟས་དངོས་འབྱུང་ཕྱག་རྒྱ་རྣམས།། ངེས་པ་མེད་པར་དཔའ་བོས་བཤད།། མཁས་པས་ཅི་དགར
172a4 བསྒོམས་ན་འགྲུབ།། བྱེ་བྲག་ཡན་ལག་རྟགས་ལུང་ནི།། གྲུབ་པ་རྟགས་ཀྱི་ཕྱག་རྒྱ་དང་།། མཛད་པ་ལས་ཀྱི་ཕྱག་རྒྱའོ།། གྲུབ་པ་རྟགས་ཀྱི་ཕྱག་རྒྱ་ནི།། དབུ་གསུམ་དུག་གསུམ་སྐུ་གསུམ་ལྷུན་གྱིས་གྲུབ།། ལྷ་སྤྱོད་རྣམ་པ་གསུམ་གྱིས་གྲུབ་པའི་རྟགས།། སྨན་དགུ་ས
172a5 གསུམ་སྐུ་གསུམ་ཡེ་ཤེས་སོ།། བགྲོད་མེད་ཐོབ་མེད་དམིགས་པའི་ཡུལ་ལས་འདས།། རྟག་ཆད་སྤྱན་གཉིས་མཐའ་སྤངས་དབུ་མའི་དང་།། ཤངས་གསུམ་སྲོག་ལྔ་མངའ་མཛད་ཏིང་འཛིན་གསུམ།། དེ་བཞིན་ཉིད་རྒྱ་ཀུན་ཏུ་སྦྱང་ཞེས་བྱ།། སྐྲ་ཆེན་ཐ་དང་སྒྲ་སྟེ་ཆོས་སྲ་ཏིང
172a6 འཛིན་སྤྱན།། ཞལ་གསུམ་རྣམཐར་སྒོགསུམ་ལྷུན་གྱིས་གྲུབ།། ལྗགས་གསུམ་ཐེག་གསུམ་མཐར་ཕྱིན་ཤེས་པའི་རྟགས།། མཆེ་བཞི་ཕྲིན་ལས་མཐར་ཕྱིན་བཞི་ཡི་ཚུལ།། ཡེ་ཤེས་དྲུག་ནི་མཐར་གྲིན་ཕྱག་དྲུག་སྟྭ~ཾ།། ཕ་རོའི་ཕྱིན་དྲུག་མཐར་ཕྱིན་ཕྱག་མཚན་དྲུག། ཞབས
172a7 བཞེས་ལམ་བཞི་བགྲོད་པ་མེད་པར་ཐོབ།། དེ་ལ་མཛད་པ་རྟགས་ཀྱི་ཕྱག་རྒྱ་ནི།། སྤྱི་དང་ཕྱག་ས་ཚག་རྟགས་ཀྱི་ལུང་།། སྤྱན་དབུསས་དགུ་འདུལ་བའི་བྱེ་བྲག་གཟིགས།། སྤུན་གས་པ་མེད་གསུམ་འགྲོ་རྒྱད་སོསོར་མཁྱེན།། ཤངས་གསུམ་ནས་བྱུང་ཐུབ་པས་སྟོང་གསུམ་འགེ
iiif viewer powered by OpenSeadragon
171b - 172b