e-texts navigator
Collection
Volume
Page
Wylie

170a1 རོ་བྱང་ཀུན་འདར་སྲོག་ཤིང་གསུམ།། ཉི་མ་ཟླ་བ་རཱ་ཧྲ་ལ།། དཀྱིལ་འཁོར་བཞི་ལྡན་དཀྱིལ་འཁོར་ནི།། ལུས་ལ་ཡེ་ནས་གནས་པའོ།། གནས་ལུགས་ཤེས་ནས་བསྒོམ་པ་ནི།། བདེ་ཆེན་ལོངས་སྤྱོད་ཆོས་སྤྲུལ་བཞི།། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར
170a2 བསྒོམ།། སྤྱི་བོར་བཱདྷ་ཧེ་རུ་ཀ། ཉི་ཤུ་རྩ་བརྒྱད་དབང་མོས་བསྐོར།། གཏི་མུག་མི་རྟོག་དང་ན་གུནས། མགྲིན་པར་ལོངས་སྤྱོད་པཔྲལ།། པྲ་མོ་ཧཱ་དང་སྲཱ་ཤཎྜཱི།། སྲྀ་ལ་མུ་ལ་བྱ་རོག་གདོང་།། འདོད་ཆགས་བདེ་བའི་ངང་ཚུལ་ཅན།། སྙིང་ག་ཆོས་ལརྡོ་རྗེ་ཉིད།། གཽ་དྷི་མ་དང་ཕྱུག།
170a3 སྡེ།། སེ་ཧ་མ་དང་གྲྀ་དྷ་མ།། ཞེ་སྡང་གསལ་བའི་ངོ་བོ་ཉིད།། ལྟེ་བ་སྤྲུལ་པ་རིན་ཆེན་ལ།། སྔོ་རཱི་མ་དང་ཙཏྟ་ལཱི།། བྷ་སྟྲིམ་དང་ཀང་ཀཱ་མ།། ང་རྒྱལ་ཤེས་པོ་རྣོ་བ་ཉིད།། གསང་བར་མེ་དྷཱང་ལས་ཀྱི་རིགས།། བེ་ཏཱ་ལླེ་དང་གྷསྶ་ཧྲཱི།། ཤཱནྟ་མ་དང་ཨུ་ལཱུ་ཀ། ཕྲག་དོག་ལྷ
170a4 ངནྡ་འཇོམས་པ་ཉིད།། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བས།། རང་གནས་རཱ་ཏྲ་འདུལ་བ་ནི།། གསང་གནས་མ་ནག་ཡི་གེ་ཀྵ།། སྲིན་པོ་དཱུ་དྷར་རང་གནས་པ།། རྟོགས་ན་ཀུན་བཟང་ཧེ་རུཀ། གནས་ལུགས་རྟོགས་པ་མཆོག་གྱུར་པའི།། ཐུགས་དེམ་དཀྱིལ་འཁོར
170a5 དཀྱིལ་འཁོར་མཆོག། ཁམས་ཀྱི་བདུད་རྩི་རྣམ་པ་ལྔ།། ཡེ་ཤེས་ཁྲག་འཐུང་ཡབ་དང་ཡུམ།། མཉེས་བྱེད་གཏུམ་མོའི་བདེ་བར་གནས།། ཁམས་དགུ་འདུས་པའི་དངས་མད།། སྙིང་པོ་ཐིག་ལེ་མཉམ་སྦྱར་ནས།། བདེ་བའི་ཡེ་ཤེས་རོལ་མོ་ཡིས།། ཡེ་ཤེས་དགྱེས་ལ་མཆོད
170a6 པ་འབུལ།། བག་པ་མེད་པའི་བསོད་ནམས་ཀྱིས།། ཡེ་ཤེས་སྒྱུ་མར་རང་སྣང་བ།། རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག། རླུང་བཅུ་སྙིང་པོ་དེ་ཁོ་ན།། སྣང་བའི་ཐིག་ལེའི་དཀྱིལ་འཁོར་དབྱིངས།། ས་ཆུ་མེ་རླུང་ནམ་མཁའ་ལྔ།། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ།། ནམ
170a7 མཁའ་ལྟ་བུར་ཁྱབ་པའི་རླུང་།། ས་ལྟར་བརྟན་ཞིང་ཆུ་ལྟར་འགྲོགས།། མེ་དང་མཉམ་པ་རླུང་ལྟར་ཡང་།། ཆེན་པོ་རིགས་ཀྱི་དེ་བཞིན་ཏེ།། ཁྲག་འཐུང་ལྔ་ལི་ངོ་བོ་ཉིད།། སྙིང་པོ་རླུང་དུང་གིས་ཤར།། ཆུ་བ་རབ་རྒྱུ་ཤིན་ཏུ་རྒྱུ།། མངོན་རྒྱ་ཡང་དག་ཆུ་བ་ཡིན།། བྱང་ཆུབ་སེམས




iiif viewer powered by OpenSeadragon

169b - 170b

Texts on this page

Gdg008.9 - chos nyid zhi ba'i lha rgyud