e-texts navigator
Collection
Volume
Page
Wylie

16a1 བླན་མེད་པ་བསྐོར།། འདོད་པས་འཆེལ་པའི་འགྲོ་གང་ལ།། པདྨ་འཁོར་ལོ་རབ་ཏུ་བསྐོར།། ཕྲག་དོག་སྤྱོད་པའི་ལས་གྲང་ལ།། སྣ་ཚོགས་རྡོ་རྗེའི་འཁོར་ལོ་སྐོར།། འགྲོ་བའི་སྐད་རྣམས་ཇི་ཙམ་པར།། དེ་ཉིད་རྫནད
16a2 ཐ་དད་སྟོན།། ལ་ལར་ལྷུམས་སུ་གཤེགས་པའི་ཚུལ།། ལ་ལར་ལྷུམས་ནས་བལྟམས་པའི་ཚུལ།། ལ་ལར་གཞོན་ནུའི་རོལ་བྱེད་སྟོན།། ལ་ལར་ཁྱིམ་པ་ལྟ་བུའི་ཚུལ།། ལ་ལར་ཁབ་ནས་རབ་ཏུ་བྱུང་།། ལ་ལར་དཀའ་ཐུང་དཀའ་ང་སྤད།། ལ་ལ
16a3 བྱང་ཆུབ་མཆོག་སེམས་བསྐྱེད།། ལ་ལར་བདུད་བཞི་འདུལ་བར་སྟོན།། ལ་ལར་རྡོ་རྗེའི་ས་ལ་གཤེགས།། ལ་ལང་བྱང་ཆུབ་ཤིང་དབང་དྲུང་།། ལ་ལར་སྐུལ་བའི་ས་ལ་གཤེགས།། ལ་ལང་རྣམ་པ་བཅུ་གཉིས་སུ།། ལན་གསུམ་དག་ཏུ་འཁོར་ལོ་བསྐོར།།
16a4 ལར་ཚོ་རྡུལ་ཆེན་པོ་སྟོན།། ལ་ལར་མྱ་ངན་འདའ་ཚུལ་སྟོན།། ལ་ལར་སྐུ་གདུང་རིང་བསྲེལ་སྟོན།། ལ་ལར་ཆོས་ཀྱི་གྲོགས་བམ་སྟོན།། ལ་ལར་ཕྱི་རོལ་འབྱུང་བ་ལས།། ཆོས་དང་མཐུན་པའི་སྒྲ་སྐད་འབྱུང་།། ལ་ལར་མུ་སྟེགས་ལྟ་བུའི་ཚུལ།། ལ་ལར
16a5 འཇིག་རྟེན་བསམ་གཏན་ཚུལ།། ལ་ལང་ས་བཅུར་རིམ་གྱིས་འབྱུང་།། ལ་ལར་སྤྱན་ལྔ་རྣམ་པར་དག། ལ་ལང་མངོན་ཤེས་ཕ་རོལ་གྱིན།། ལ་ལར་ཁྱབ་འཇུག་དབང་ཕྱུག་ཆེ།། ལ་ལར་འཇིག་རྟེན་སྐྱོང་བའི་ཚུལ།། འགྲོ་རྣམས་ཇི་ལྟར་འདུལ་བ་བཞིན།། བྱིན
16a6 རླབས་ཆོ་འཕྲུལ་དེ་ལྟར་བསྟན།། དེ་ཚེ་འགྲོ་རྣམས་ཐམས་ཅན་ཀུན།། ལས་ཀྱི་སྟོབས་ཀྱི་དབང་གྱུར་པ།། ལོག་པ་ཅན་གྱི་རཱ་ཏྱཱ་རྣམས།། ལྡོག་ལྷའི་མཐུས་བསྙེམས་མ་གཏོགས་པ།། སངས་ཀྱིས་བསྟན་ལ་དད་པར་འགྱུར།། བྱང་ཆུབ་སྤྱོད་སྒོ་ཇི་སྙེད་པ།
16a7 དེ་སྙེད་འབྲས་བུས་པདེ་ལ་བཀོད།། དེ་ནས་འཁོར་དེར་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ངོ་མཚར་དུ་གྱུར་ཏེ། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མའོ་རྡོ་རྗེ་ཀུན་ཏུ་བཟང་།། ངོ་མཚད་ཁྱོད་ལ་བདག་ཅག་འདུད།། ཨེ་མ




iiif viewer powered by OpenSeadragon

15b - 16b

Texts on this page

Gdg008.1 - de bzhin gshegs pa thams cad kyi sku dang / gsung dang / thugs kyi gsang ba dur khrod khu byug rol pa'i rgyud ces bya ba theg pa chen po'i mdo